e-texts navigator
Collection
Volume
Page
Wylie

210a1 ན་བར་སཱ་རུ་གྲག་པའི་ཆོས་རྣམས་ཀྱང་།། སྙན་དང་མི་སྙན་བྱུང་ཚོར་ཇི་བྱུང་ཡང་།། མ་བཅོས་མི་བཅོས་བཅོས་པ་མེད་པར་བཞག། རང་ལ་ལྷུན་གྱིས་གནས་པས་བཐོས་མི་དགོས།། བཅོས་ན་བཅོས་པས
210a2 འཛིན་པའི་ལ་མི་ཟློས།། དྲི་དང་རོ་དང་རེག་བྱ་ལ་སོགས་པ།། གང་ལ་བཅོས་པར་མི་བྱ་མི་བཅོས་པར་ཡང་མིན།། གང་ལ་གཉེན་པོ་མ་ཞུགས་བཅོས་མེད་མཆོག། བསམ་པ་ཅི་སྐྱེས་དང་བྱུང་ཡེ་ཤེས་ལ།། དེ་ལས་ལྷག་པ་འདོད་ན་རྩོལ་བ
210a3 ནང་།། རང་ཤར་འདོད་མེད་ཆོས་ཀྱི་ལ་བཟླས་ན།། འདི་ལ་འདོད་པར་མི་བྱ་དོར་མི་བྱ།། ཕྱི་མར་འདོད་པར་མི་བྱ་དུས་གསུམ་འདོད་དང་བྲལ།། འདོད་དང་བྲལ་ན་བཅོས་མེད་དབྱིངས་ན་གནས།། ཆོས་ཀྱི་དབྱིངས་ལ་སྔ་ཕྱི་འགྱུར་བ་མེད།། གང
210a4 ཟག་བློ་ཡིས་དེ་ལ་བཅོས་སུ་མེད།། འཁོར་བས་ལུས་ངག་ཡིད་ནི་བཅོས་པ་ལ།། ལ་བཟའ་བ་ནི་རང་བྱུང་ཤར་བས་བཟླས།། ལུས་ལ་མ་བཅོས་སུ་ཡི་ལ་བཟླལ་ཡིན།། ངག་མ་བཅོས་པ་གསུང་གི་ལ་བཟླའ་ཡིན།། དྲན་པ་མ་བཅོས་ཐུགས་ཀྱི་ལ་བཟླའ་ཡིན།
210a5 སངས་རྒྱས་འདོད་བྲལ་སངས་རྒྱས་ལ་བཟླའ་ཡིན།། དངོས་པོ་སང་མེད་སྟོང་པའི་ལ་བཟའ་ཡིན།། མུག་བསྔལ་དོར་མེད་བདེ་བའི་ལ་བཟའ་ཡིན། ཆོས་ཉིད་ཡུལ་ལས་འདས་པ་ལྟ་བུའི་ལ་བཟླ་ཡིན།། དམིགས་སུ་རྡུལ་ཙམ་མེད་པས་བསྒོམ་པའི་ཡང་ཐ
210a6 ཡིན།། ལུས་ངག་རྩོལ་བ་མེད་པས་སྤྱོད་པའི་ལ་བཟླའ་ཡིན།། སངས་ལ་རྒྱུ་བ་མེད་པས་འབྲས་བུ་ལ་བཟའ་ཡིན།། གཞན་དུ་བཙལ་དུ་མེད་པས་ལམ་གྱི་ལ་བཟླའ་ཡིན།། བཅོས་སུ་མེད་པར་སེམས་དཔས་དགོངས་པར་གྱིས།། བཅས་སུ་མེད
210a7 པངལ་བཟའ་བའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། དགོངས་པ་ནམ་མཁའ་ལྟར་ཀུན་ལ་ཁྱབ་པ་འདི་གསུངས་སོ།། ཀྱེ་སེམས་དཔའ་ཆེན་པོ་དེ་དགོངས་ཤིག། ཆོས་ཉིད་བྱང




iiif viewer powered by OpenSeadragon

209b - 210b

Texts on this page

Gdg025.15 - la zlo gsang ba'i 'khor lo zhes bya ba'i rgyud