e-texts navigator
Collection
Volume
Page
Wylie

208a1 མཛོད།། ཕྱོགས་ཆ་བྲལ་བའི་གང་ཟག་སུ་ཡང་རུང་།། འཁོར་བར་མི་གནས་མྱ་ངན་འདས་མིག་ཡོ།། ལུས་སེམས་གཉིས་མེད་དྲན་པའི་རྒྱུ་འཕྲུལ་ནི།། བདག་ཏུ་འཛིན་པའི་ཤེས་རྒྱད་འཆད་པར་ངས།
208a2 འཆི་ལ་བཟླའ་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། སངས་རྒྱས་ལོགས་ན་མེད་པར་ལ་བཟླའ་བ་འདི་གསུངས་སོ།། ཀྱེ་སེམས་དཔའ་ཆེན་པོ་དེ་དགོངས་ཤིག། སངས་རྒྱས་ཞེས་ནི་མིང་དུ
208a3 བཏགས་པ་ནི།། སྐུ་གསུམ་སྟོན་པས་དྲང་བའི་ལུང་བསྟན་ཡིན།། མི་ཤེས་བྱིས་པ་ལྟ་བུའི་འབྲི་བསོལ་ཡིན།། སེམས་ཉིད་ལྕེ་མེད་དབྱིངས་ལ་ཆོས་སྐྱེ་གནས།། བསྲུབས་པས་ནམ་ཞིག་ཐོབ་པར་བྲོད་པ་བསྐྱེད།། སེམས་ཀྱི་རང་བཞིན་ཅིང
208a4 ཡང་སྡང་བ་ལ།། རྣམ་པར་སྣང་མཛད་ཅེས་བྱ་བས་མ་བསྒོམས་པས།། ལོངས་སྤྱོད་རྫོགས་པའི་སུ་རུ་བསྟན་པ་ཡང་།། དེ་བཞིན་ཉིད་དུ་ནམ་ཞིག་འགྱུར་རོ་ཞེས།། དེ་བསྟན་དེ་ཡང་དང་བའི་ལུང་བསྟན་ཡིན།། ངེས་པར་འབྱུང་བ་སྨིན་པའི་ཤཱག
208a5 ཐུབ་ལ།། སྤྲུལ་པའི་སྐུ་ཡིན་ཚོགས་རྫོགས་ལས་བྱུང་ཞེས།། དེ་བཞིན་ཉིད་དུ་ཚོགས་ལ་འགོད་པ་ཡང་།། མ་རྟོགས་བྱིས་པ་ལྟ་བུའི་དྲང་ལུང་ཡིན།། སེམས་དཔའ་དེ་ལྟར་དགོངས་པར་མ་བྱེད་ཅིག། ཆོས་སུ་ཐིག་ལེ་སེམས་ལས་འདས་པ་ཡིན།། རེ་ཞིག
208a6 ཙམ་དུ་མཚོན་པར་གསུངས་པ་ལ།། བསྲུབ་པར་བྱ་བའི་དངོས་པོ་ཡེ་ནས་མེད།། ཀུན་གྱི་གཞི་ཡིན་གྲུབ་པ་རྡུལ་ཙམ་མེད།། མིང་དུ་བཏགས་པ་ཙམ་ཀྱང་ནོར་བ་ལ།། ཞེ་འདོད་དམིགས་པ་བཅུག་ན་ཤིན་ཏུ་ནོར།། ཆོས་སུ་གཏི་མུག
208a7 ཆེན་པོ་ལ་ཟློས་ཤིག། འཇིག་རྟེན་ཆགས་འཇིག་འབྱུང་བའི་ལོངས་སྤྱོད་རང་བཞིན་ལས།། རྣམ་སྡང་ལྷག་པར་བསྒྲུབས་པས་འགྲུབ་པ་མེད།། ཀུན་ཀྱང་རྣམ་སྡང་རང་བཞིན་ལོངས་སྤྱོད་ཡིན།། སེམས་དཔའ་དེལ




iiif viewer powered by OpenSeadragon

207b - 208b

Texts on this page

Gdg025.15 - la zlo gsang ba'i 'khor lo zhes bya ba'i rgyud