e-texts navigator
Collection
Volume
Page
Wylie

205b1 བྲིས། ཆོས་ཐམས་ཅད་ལ་ངེས་པ་དང་། དམིགསས་མེད་པར་དཀངས་ནས། མཟློག་སྤང་བའི་འཁང་པོ་འདག་སྤངས་སོ།། ད་ཡང་ད་ལྟར་གསུངས་པ་ཡིན་ཞེན། སྙུན་པུ་དཔན་བྱསྨྲས། འཁང་དུས་གནས།། རང་བྱུང
205b2 ཆོས་ཀྱི་དབྱིངས་སུ་ལ་བཟླས་པས།། རང་བྱུང་ངོ་བོ་མངོན་དུ་ལྟུང་བ་ལ།། ཕུན་སུམ་ཚོགས་པ་རྣམ་པ་ལྔ་པོ་ཡང་།། རང་ལ་རྫོགས་ཤིང་དང་ལ་ཚང་བར་སྟོན།། རང་ལ་དམིགས་སུ་མེད་པ་དབྱིངས་སུ་ལ་ཟླ་ཡིན།། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས།། ནམ
205b3 རངལ་ཇི་ལྟར་ཚང་པར་སྟོན།། རང་ལ་དམིགས་སུ་མེད་པས་ལ་བཟླ་གྱི་མི་ཕྱིར།། ཞེས་ཞུས་སོ།། ཀྱེ་སེམས་དཔའ་ཆེན་པོ་དགོངས་ཤིག། མིག་གི་དབང་པོ་སྟོན་པའི་ངོ་བོར་བྱུང་།། ལྕེ་ཡི་དབང་པོ་བསྟན་པའི་ངོ་བོར་བྱུང་།། རྣ་བའི་དབང་པོ་འཁོར་གྱི་ངོ་བོར་གྱུང་།། སྣ་ཡི
205b4 དབང་པོ་དུས་ཀྱི་ངོ་བོར་བྱུང་།། ལུས་ཀྱི་དབང་པོ་གནས་ཀྱི་ངོ་བོར་བྱུང་།། ཇི་ལྟར་བྱུང་བའི་གཏན་ཚིགས་བསྟན་པ་ནི།། མིག་གི་དབང་པོས་གཟུགས་རྣམས་ཅིང་ཡང་སྟོན།། ཀུན་བྱེད་རྒྱལ་པོའི་སྐུ་རུ་བསྟན་པ་ཡིན།། དེ་ལས་གཞན་པའི་སྟོན་པ་དམིགས་སུ་མེད།། དེ
205b5 ལས་སྟོན་པ་རང་ལ་ཚང་ཞེས་གསུངས།། སྐྱེས་ན་སྦྲང་སྲེད་ཚིག་དང་ཡེ་གར་བརྗོད།། སྒྲ་རྣམས་བསྒྲགས་པ་སྟོན་པའི་གསུངས་ཡིན་པས།། བསྟན་པའི་ཆོས་ཞེས་ཀུན་ལ་གྲགས་པ་ཡིན།། རྣབས་སྒྲ་རྣམས་ཇི་ལྟར་གསན་པ་ཡང་།། ཀུན་བྱེད་རྒྱལ་པོའི་ལྦ་བསྒྲགས
205b6 གསན་པ་ལས།། དེ་ལས་གཞན་པའི་སྐནི་ཐོས་པ་མེད།། དེ་ཐོས་འཁོར་གྱི་དམ་པར་བྱུང་བ་ཡིན།། དྲི་རྣམས་སྣ་ཚོགས་ཇི་ལྟར་བྱུང་བ་ཡང་།། སྣ་ཡི་དབང་པོ་གཅིག་ལས་མ་འདས་པས།། དབྱེར་མེད་དུས་གསུམ་གཅིག་ཏུ་བསྟན་པ་ཡིན།། མིག་དང་རྣ་བལྔ་དང་ལྷོ་ལ་སོགས
205b7 ཐམས་ཅད་ལུས་ལ་གནས་པས་གནས་སུ་བསྟན།། ལུས་གནས་པ་ལ་ཀུན་ཀྱང་གནས་པ་ལས།། ལུས་མི་གནས་མ་མུ་ཡང་གནས་པ་མེད།། དེ་བས་ལུས་འདི་གནས་སུ་བསྟན་པ་ཡིན།། ཀྱེ་སེམས་དཔའ་ཆེན་པོ་དེ་དགོངས་ཤིག། ཐམས་ཅད་དང་ལ་ཡེ་ནས་བཙལ་བས་ན།




iiif viewer powered by OpenSeadragon

205a - 206a

Texts on this page

Gdg025.15 - la zlo gsang ba'i 'khor lo zhes bya ba'i rgyud