| | e-texts navigator
|
202b1 སངས་རྒྱས་ཚོལ་བ་རབ་ཏུ་སྲ།། གཞན་ནས་མ་ཡིན་དེ་ཉིད་ཡིན་ཏེ་མཆོག་ཏུ་འདོད།། ཡང་དག་བྱང་ཆུབ་ལམ་ནི་ཚིག་གིས་མཚོན་དུ་མེད།། ཡང་དག་ཉིད་དུ་མཐོང་ན་འཁྲུལ་པ་སྟེ།། དག་དད་མ་དག་གཉིས་མེད་མཚུངས་པའི་ལམ།། རྣམ་པ་ཅིང་ཡང་མི་འབྱེད་ཡེ
202b2 ཤེས་གཏི་མུག་དང་།། ངང་གིས་མི་གཡོ་མི་བསྐྱོད་ཏིང་འཛིན་རྒྱལ་པོར་གནས།། འདི་ལྟར་མཐོང་ཞེས་མཐོང་བའི་དམིགས་མེད་མངོན་སུམ་མཐོང་བའི་མིག། དེ་ཕྱིར་ཐམས་ཅད་མཁྱེན་པའི་ལྷན་ཞེས་དེ་ལ་བྱ།། མཐའ་དང་དབུས་མེད་ཡངས་པའི་རང་བཞིན་ཞེས།
202b3 མི་ལེན་མི་སྤོང་མཉམ་པའི་རྒྱལ་པོ་འཐོབ།། སེམས་དང་བག་ཆགས་གཉིས་མེད་འདྲེས་ཤིང་མཚུངས།། འཛིན་པས་ལྡང་ཞིང་བརྟགས་པའི་ཆོས་ཀུན་ལ།། མི་འདོད་མི་སྤང་རང་བྱུང་དེ་ཉིད་དེ།། རྣམ་པ་ཅིང་ཡང་མི་དགོས་ཐབས་ཀྱིས་དེ་ལ་རོལ།། ཀུན་དང་མི
202b4 མཐུན་ཡོངས་ཀྱིས་སྤོང་བའི་ཆོས།། ཉོན་མོངས་ལྔ་དང་མཚམས་མེད་ལྔ་པོ་ཡིས།། རྣམ་དག་ལམ་དེར་ཞུགས་པས་མཉམ་པའི་རྒྱལ་པོ་འཐོབ།། བུད་མེད་ལ་སོགས་ཀུན་ཀྱང་སྤང་མི་བྱེད།། ཉོན་མོངས་ལྔ་དང་མཚམས་མེད་ལྔ་པོ་ཡི།། ལོ་རྒྱུད་དོན་ཉིད་ཚད་མའི
202b5 གློགྲོང་བཞག་ནས།། ཏིང་འཛིན་གསུམ་པོ་བརྟགས་ཤིང་གྲུབ་པའི་མཐའ་སྤྱོད་པ།། རྩོལ་བྲལ་ལུང་ལས་གོལ་ཏེ་འཁྲུལ་པ་ཡིན།། བྱ་བྲལ་ལྷན་རྫོགས་བདེ་བའི་ཡུལ་ལ་གནས།། ཡེ་ཤེས་རང་བྱུང་ཆེ་བའི་སྙིང་པོ་ཉིད།། མི་དམིགས་མི་གཡོ་བསྙད་པ་ཀུན་དང་ཐལ
202b6 བྱ་བྲལ་ཟིན་པའི་ལུང་ལ་ཀུན་ཏུ་ཇི་བཞིན་གནས།། མ་སྐྱེས་མི་འགག་ནམ་མཁའ་ལྟ་བུའི་དང་།། འདི་ཞེས་བསྟན་དུ་མེད་དེ་ཐིག་ལེ་གཅིག་གི་སྒྲ།། སྒོ་ཞིང་བསྡུབ་མེད་དེ་ཐང་ལམ་དམ་པ་ཉིད།། མི་ཏོག་རྟོག་པ་མེད་དེ་ཤེས་རབ་ཐབས་བྲལ་བས།། མཐའ་མེད་དབུས
202b7 མེད་སྙིང་པོར་གདགས་པའང་མེད།། མཁའ་བཞིན་མ་བཅོས་སླབས་མ་ཡུལ་ལས་འདས།། ཚད་མའི་དོན་ཆེན་དཔེ་བྲལ་རྒྱལ་བ་ཡི།། ཡང་དག་བྱང་ཆུབ་ཀློང་དེ་འདི་ཞེས་བསྟན་པར་དཀའ།། ཀུན་ཏུ་བཟང་པོ་ངེས་པའི་བདེ་ཆེན་པོས།། དེ་ཉིད་དེ་བཞིན་དེ་ལྟར་བཞག
iiif viewer powered by OpenSeadragon
202a - 203a