e-texts navigator
Collection
Volume
Page
Wylie

201a1 ནམ་མཁའི་སྤྲིན་ལ་མངོན་གཟུགས་གྱོད་པ་ཡིན།། ནམ་མཁའ་མེད་པར་གང་གིས་ཤེས་པ་ན།། སྤྲིན་ཞིག་འབྱུང་ཞིང་ཁེབས་པར་མི་སྲིད་དོ།། རྣམ་པར་དག་པའི་གཡུང་ངུར་སངས་རྒྱས་ལ།། ཐམས་ཅད་ཡེ་ནས་མཉམ
201a2 གནས་རྣམ་དག་ཅིང་།། མི་རྟོག་ས་ལེར་གནས་ན་རྟོགས་མཛད་པ།། བདག་མེད་བདག་ཆེན་ཐམས་ཅད་འབྱུང་བའི་ཕྱིར།། མ་བཀག་པ་ལས་རྒྱུ་ཞིག་འགྱུར་མེད་པའི།། ཤེས་རབ་བླ་མེད་རྒྱལ་བ་མ་བཅོས་ལམ།། དཔྱང་མེད་དཔྱོད་བྲལ་བདག་འཛིན་ཐབས
201a3 སྟོབས་བྲལ།། མཁྱེན་གནས་ཇི་བཞིན་བདག་ཉིད་ཆེན་པོ་འདི།། སྐྱེས་ཀྱང་འདི་འདྲ་བསྟན་པར་གསུངས་མ་ཡིན།། ཇི་བཞིན་པ་ཉིད་བྱང་ཆུབ་ཡང་དག་ལམ།། བླང་དོར་མེད་པའི་སྐྱེས་མཆོག་བླ་མེད་པ།། མི་གཡོ་འདུ་འབྲེ་ལ་མེད་པའི་ཤེས་རང་གཟུངས།།
201a4 རྟོགས་པའི་ཡེ་ཤེས་ཡིད་བཞིན་ནོར་བུ་གཏེར།། བསྟན་པར་དཀའ་ཞིང་དོན་དུ་ཕེབ་མི་རུང་།། མེ་ལོང་གཟུགས་བརྟན་ཚུལ་དུ་སུས་སྣང་བ།། དམ་པ་ཉིད་ནི་འདི་འདྲ་བསྟན་དུ་མེད།། གཏི་མུག་ཚུལ་དུ་ཤིན་ཏུ་གསལ་རིག་མེད།། ལྕགས་ཀྱི་རློམ་བུ་ཐེབ་ཀྱིས་བཏབ་པ་བཞིན།།
201a5 ནོར་གཟུངས་དམ་པ་ཁྱད་པར་བསྟན་པ་དཀའ།། གྱི་ནང་མི་སྒྲིབ་གསལ་བའི་སྙིང་པོ་འདི།། ཐམས་ཅད་མ་ནོར་ལྟ་བ་ཇི་བཞིན་ཉིད།། འཁོར་བ་མ་སྤངས་སྡུག་བསྔལ་བྱང་ཆུབ་ལམ།། ལྷ་དང་བལྟ་བར་བྱ་སྤྱོད་ཡུལ་ལས་འདས།། ཡེ་ཤེས་སྒྲོན་མ་འཛིན་འཁྲུལ
201a6 ལས་འདས་པ།། ཐུགས་རྗེ་ཆེན་པོ་རོལ་པའི་ཡེ་ཤེས་འགྱི།། བསྒོམ་དང་བསྲུབ་དང་བསམ་དང་བརྗོད་ལས་འདས།། ཇི་བཞིན་པ་ཉིད་སངས་རྒྱས་སངས་རྒྱས་པས།། ཇི་བཞིན་པ་དེ་དེ་བཞིན་དེ་བཞིན་བློ།། བརྟན་ཞིང་མི་འགྱུར་དམ་ཚིག་ཆེན་པོ་ཡིན།། ཡེ
201a7 ནས་ཡངས་པའི་སྙིང་པོ་སྒྲོན་མ་འབར།། ངོ་མཚར་རྨད་བྱུང་རོལ་པ་ཆེན་པོ་འདི།། བྱེ་བྲལ་ནམ་མཁའ་ཇི་བཞིན་ཡེ་ནས་ཡིན།། ཅི་ཡང་མི་དམིགས་གཏི་མུག་རང་ཉིད་ལས།། རང་རིག་ཡེ་ཤེས་འབར་བདེ་མ་ཐུགས།། ཇི་བཞིན་པ་དེས་སེམས་ནི་མཚུངས་པའི་ལམ།། །




iiif viewer powered by OpenSeadragon

200b - 201b

Texts on this page

Gdg025.14 - rdo rje sems dpa' nam mkha' che/ kun tu bzang po gsang ba'i snying po'i rgyud