| | e-texts navigator
|
200b1 དེ་བཞིན་དེ་བཞིན་དེ་བཞིན་གྱི་མཐར་གཞག། གཞག་དུ་གཞག་དུའང་གཞག་པ་མེད་པས་ན།། གཞག་ཏུ་མེད་པའི་གཞག་སར་གཞག་ལ་གཞག། གཞག་པ་གཞག་པའི་དངོས་པོ་རྡོ་རྗེ་སེམས་དཔའི་ཐུགས།། འདི་ཞེས་བསྟན་དུ་སངས་རྒྱས་ཉིད་ཀྱིས
200b2 མེད།། བདེ་པ་ཆེན་པོ་དེ་རྒྱུད་ལས། གསང་བ་མ་ན་ངག་ལྟར་མེད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། ། གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་ཉིད་ཇི་ལྟར་ལགས་པ་བཤད་དུ་གསོལ།། ཞེས་ཞུས་པས
200b3 བཅོམ་ལྡན་འདས་བདེ་དབང་ཀུན་ཏུ་བཟང་པོས། ཇི་བཞིན་ཉིད་སྣ་ཚོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཨེ་མ་ཧོ་སྣ་ཚོགས་ཀུན་ཏུ་ངོ་བོ་ཉིད།། གདོད་ནས་མ་སྐྱེས་རྣམ་དག་བྱང་ཆུབ་སེམས།། རང་བཞིན
200b4 དབྱེར་མེ་གདོད་ནས་མི་ཕྱེད་ཅིང་། ཡེ་ནས་མཉམ་པས་རྒྱལ་བ་རྒྱ་མཚོ་ཡིན།། དུས་གསུམ་སྲིད་གསུམ་མཉམ་པའི་སྙིང་པོ་ཉིད།། ཡེ་ནས་ཀུན་བཟང་ཤེས་རབ་མཆོག་གི་དབྱིངས།། དབྱེ་བསལ་མེད་ཕྱིར་བཟང་ངན་གླང་དོར་མེད།། བདག་དང་གཞན་དུ་མེད་བྱེད
200b5 སྙིང་པོ་ཡེ་ཤེས་ཉིད།། སྙིང་པོ་མ་མཐོང་ཤེས་རབ་མ་སྦྱངས་པས།། གཞན་དུ་ཚོལ་ཞིང་རྨོངས་པའི་སེམས་ཅན་གྱིས།། བསྟན་ཀྱང་མ་ཐོས་མཚོན་ཀྱང་མ་མཐོང་བ།། བདག་ཉིད་གཞན་དུ་ཚོལ་བས་མངས་མི་བྱ།། དེ་དང་མ་བྲལ་སྟོན་པ་མི་མཐོང་ཞིང་།། ལས
200b6 དུ་འདོད་པས་ལ་མ་ལ་བགྲོད་འགྱུར་བ།། བཟོད་པས་འདོད་སར་ཕྱིན་པར་མི་ནུས་ཏེ།། དོན་ཉིད་སྐྲག་མ་ལུས་ཀྱང་མི་མཐོང་བ།། ཤེས་ཤིང་བསྒྲུབ་རྒྱུ་ཅི་ཡིན་གང་གིས་ཤེས།། བྱ་བྱེད་ལས་འཕགས་ཀྱི་ནར་འདུག་བྱེད་པ།། གང་ཞིག་བློ་ལ་སྤྱོད་པ་བྱང
200b7 གྲུབ་སྤྱོང་པར་འགྱུར།། རྟོག་དཔྱོད་བློ་ཡི་མཚན་མ་མ་སྤངས་པར།། དྲན་མེད་མི་སྤོང་འཁོར་རྒྱུ་མི་འབྱེད་དོ།། དངས་སྙིགས་མི་འབྱེད་མངོན་སུམ་སངས་རྒྱས་ལ།། འདི་ཞེས་དོན་ལ་མཚོན་དུ་མེད་པའི་ཕྱིར།། བློ་ཡི་རིག་པས་དོན་ལ་སུ་མྱོང་བ།།
iiif viewer powered by OpenSeadragon
200a - 201a