e-texts navigator
Collection
Volume
Page
Wylie

200a1 དཀའ་ཐབ་དཀའ་བ་སྤྱད་མི་དགོས།། ས་དང་རྩོལ་བས་བཙལ་མི་དགོས།། འད་ན་ཡེ་ཤེས་བླ་མེད་པ།། བགྲང་ཞིང་འཇུག་ཆགས་བྱ་མ་དགོས།། འདུན་ཐ་མེད་ཀྱི་ལས་འདས།། བ.ད་དང་བསྒྲུབ་པ་བུ་མ་ག་།
200a2 དོན་མ་ཕྱེ་བདེ་བའི་ཀློང་།། མཆོད་པ་རྒྱལ་བ་མཆོད་དུ་མེད།། འདི་ནི་རྒྱ་ལ་མཆོག་རྫོགས་པའི་སྒོ།། ལེགས་མ་ཚོན་པར་བྱ་མི་དགོས།། འདི་ནི་རང་བཞིན་གསལ་བའི་འོད།། བསྐྱོད་དང་བཀུར་དང་འབུར་མི་དགས།། འཛིན་སང་པ་བགྱིབས་ལ།
200a3 འད།། ཡཱ་ཤེས་ལྔ་ལ་འོད་དང་ཐལ།། འདོན་ཁེ་དག་སྒྲིབས་མ་ཡིན།། འོདི་ལ་སྐྱབས་བསྟ་རུ་མེད།། སྐྱ་བ་ཉིད་ཀྱི་ཆོག་ལས་འདས།། འདི་ལ་མྱང་ང་འབྲས་བུ་མེད།། གང་ཡང་འབྱེད་པ་མེད་པའི་མཆོག།། རྙེད་ན་འཇུས་པ་ཞེས་བྱ་སྟེ།
200a4 མཚོའི་ཀློང་བཞིན་ཐམས་ཅད་འདུས།། གང་ཡང་དངོས་ཡོད་མ་ཡིན་ཏེ།། དངོས་མེད་དེ་ཉིད་སྣ་ཚོགས་སྣང་།། སྣང་བ་ཉིད་ན་གང་ཡང་མིན།། ཐེག་པ་སྣ་ཚོགས་ཀུན་སྤྱོད་ཀྱང་།། དངོས་མེད་དེ་ཉིད་ཡང་དག་ཉིད།། དཔའ་བོས་མི་ཚུགས་འབྲས་བུའི་མཆོག
200a5 རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཚུལ།། ད་ལྟའི་བདེ་བ་ཕྱི་མའི་བདེ།། མངོན་སུམ་པ་དང་རྒྱབ་ནས་གྱུར།། དེ་ཡང་རྣམ་པའི་སྐྱོན་ཡིན་པས།། དེ་ལ་བརྟེན་པར་མི་བྱའོ།། གདོད་ནས་སྙིང་པོ་ཡིན་པས་ནི།། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། བྱང་ཆུབ
200a6 སེམས་དཔའ་དབང་ཕྱུག་དང་།། ཞིང་ཁམས་རྒྱལ་བ་མ་ལུས་ཀུན།། རྫོགས་པ་ཆེན་པོ་རྫོགས་ཆེན་པོ།། བསམ་འདས་བརྗོད་མེད་མཆོག་གི་ལམ།། ཕ་རོལ་ཕྱིན་པ་བཅུ་ཡི་བརྒྱ།། གྲུབ་པ་མཆོག་གི་ཐ་སྙད་ལ།། སྒོ་དང་སྦར་དང་རྣམ་པ་ཡེ་ནས་རྒྱལ
200a7 བའི་རྣམ་དག་སྡེ།། རྒྱས་ས་རྒྱས་སོ་ཁམས་གསུམ་ཡི་སངས་རྒྱས།། བརྗོད་དུ་རྫིརྗེད་དུ་མན་ཏན་དབང་ཕྱུག་འདི།། བརྗོད་པའི་ཐ་སྐད་ལས་འདས་བརྗོད་དུ་མེད།། སྒོམ་པ་ཉིད་ནི་རྟག་པའི་རྟོག་པ་སྟེ།། མེ་བསྒོས་མེ་བཙལ་རང་རིག་ཉིར་གྱི་སྐུ།




iiif viewer powered by OpenSeadragon

199b - 200b

Texts on this page

Gdg025.14 - rdo rje sems dpa' nam mkha' che/ kun tu bzang po gsang ba'i snying po'i rgyud