e-texts navigator
Collection
Volume
Page
Wylie

19a1 གཟུང་བའོ།། དེ་རྣམས་མ་ཡེངས་པར་བྱས་ལ་གཟུང་བར་བྱེད་པའོ།། ཞེས་གསུངས་སོ།། རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་སྟེ་དང་པའོ།། ། དེ་ནས་ཡང་བཀའ་སྩལ་པ། དེ་ནས་ལོ་གནོན་བསྟནཔ
19a2 ནེ། སེམས་གཟུང་བ་ལ་རླུང་སྐྱེས་ནཱ། ཤེས་པ་རྒོད་སྤ་ཟིང་པོར་འོང་། གཉིད་མི་ཕེབས་སོ།། དེ་ལ་བསྐུ་མ་ཉེ་བྱ། ཟས་བཅུད་ཅན་བསྟེན་ནོ།། མཁྲིས་པ་ཕྱེས་ནས་སེར་པོར་མཐོང་བ་ལ་སོགས་བྱུང་ན་བསིལ་གཏང་ངོ་།། བད་ཀན་སྐྱེས་ནས་སླེབ
19a3 དང་། འཁྲོག་པ་དང་། དངག་མི་བདེ་བ་བྱུང་ན། བཅག་ཁམས་བསྲུང་ངོ་།། ཞེས་གསུངས་སོ།། རྒྱུད་ཕྱི་མའི་ཕྱེ་མ་ལས་ལེའུ་སྟེ་གཉིས་པའོ།། ། དེ་ནས་ཡང་བཀའ་སྩལ་པ་ནི། དེ་ལྟར་སེམས་ཟིན་ནས་རིག་པ་སྟོད་གསལ་དུ་ཤེས་པ
19a4 ལྟེ་བའོ།། དེའི་དང་དུ་གསལ་བསྒོམ་པའོ།། དེ་ལས་མ་ཡངས་པར་སྤྱོད་པའོ།། དེ་འཆི་བའི་དུས་སུ་དྲན་པ་དང་སྐྱེ་བ་བསྐྱེད་དེ་གདམས་ངག་གིས་འཕོ་བར་བྱའོ།། དེ་ལས་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔའོ།། ཞེས་གསུངས་སོ།། རྒྱུད་ཀྱི་མའི་ཕྱི་མ་ལས་ལེའུ
19a5 གསུམ་པའོ།། ། དེ་ནས་ཡང་བཀའ་སྩལ་པ། རྒྱུད་འདི་ནི་རྒྱུད་སྔ་མའི་བསྐོང་བ་ཞེས་བྱ་བ་ཡིན་པས། རྡོ་རྗེ་སེམས་དཔྱས་གཅེས་སྦས་ཀྱིས་གཟུང་ཞིང་བཅང་བར་བྱའོ།། ཞེས་བཀའ་སྩལ་ཏེ་ཆོས་ཉིད་ཀྱི་ངང་དུ་གྱུར་ཏོ།། ཞེས་གསུངས་སོ།།
19a6 ཀུན་ཏུ་བཟང་པོ་ཡི་ཤེས་གསལ་བར་སྟོན་པའི་རྒྱུད་ཀྱི་མའི་ཕྱི་མ་ལས་ལེའུ་སྟེ་བཞི་པའོ།། ། མཐར་ཐུག། པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། ། རྒྱ་གར་སྐད་དུ། སན་ཏི་མ་ཧཱ་ས་མཎྜ་བྷ་དྲ་བི་ཏ་གུཧ་ཙུ་མ་ཏཿ། བོད་སྐད་དུ། རྫོགས་པ་ཆེན་པོ
19a7 ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པ་ཀྱི་མ་གས་པའི་རྒྱུད་ཅེས་བྱབ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། དེ་ནས་དཔལ་ཀུན་ཏུ་བཟང་པོས་པ་བཀའ་སྩལ་པ། ཉོན་གདཔལ་རྡོ་རྗེསེམས་དཔའ། ལྟེང་གིས་པ་རིག་པ་ཟོས་གྱུར་རྟོགས་པར་འདོད




iiif viewer powered by OpenSeadragon

18b - 19b

Texts on this page

Gdg025.3 - rdzogs pa chen po kun tu bzang po ye shes gsal bar ston pa'i rgyud phyi ma'i phyi ma
Gdg025.4 - rdzogs pa chen po kun tu bzang po ye shes gsal bar ston pa phyi ma gsang ba'i rgyud