e-texts navigator
Collection
Volume
Page
Wylie

199b1 རྣམས་ན།། མཉམ་བྱིངས་དག་པ་ལྡན་པས།། བར་རས་སངས་རྒྱས་རྒྱལ་བ་བྱད།། སམ་ཉེ་སུངས་ཅས་སྣོད་སུམ་ད།། བཙམ་པས་རྙེད་པ་གནས་།། རྣགས་མ་པཞིན་སལ་མང་བས།། ཡོང་བས་ནམ་མཁའ་བསྒྲུབས་པཔདན།། གང་ང
199b2 གོང་དུ་ཚངས་པའི་མི།། བྱ་ཐལ་ཆོས་དང་མཐུན་པ་བེན།། ཅི་སྟེ་ལམ་ལ་བཟོད་འབྱུང་ན།། ནམ་མཁའི་མཐའ་བཞིན་མཐོང་བ་མེད།། ཡེ་ནས་མཉམ་རྫོགས་བྱིང་བ་ལ།། བསླབ་དང་བསྲིང་བར་ཟབ་མེད།། བསྐལ་དང་མ་བ་པྲལ་གཉིས་མེད་ཅིང་།། དགེ་དང་མ
199b3 དགའི་བསམ་པས་འདས།། ལྷ་དང་འབྲས་བུ་དབྱེར་མེད་དེ།། ཉན་མོངས་ལྔ་པོ་སྤངས་བྱས་ནས།། ཐར་བ་བྱང་ཆུབ་བསྲབ་ཏུ་མེད།། ཡེ་ནས་དེ་བཞིན་ཉིད་ཀྱི་སྤོང་།། དཀའ་བུབ་བཟོད་སྐྱོད་འབང་སོལ་ཤེས།། ཡང་དྭག་སངས་རྒྱས་ལང་བ་ཉིད།། ཐམངས་ཅ
199b4 བྱང་ཆུབ་རིང་།། དགེ་རྫས་སྡུག་བསྔལ་གྱི་བཞིར་འགྱུར།། ངན་སོང་དུ་ཡང་སྐྱེ་བར་བྱེད།། སྨད་འཚོང་མ་དང་ལྷར་བྱས་ཤིང་།། སེམས་ཅན་ཀུན་གྱི་སྲོག་བཅད་ན།། ཀུན་ཏུ་བཟང་པོའི་ས་ཉིད་དུ།། འབྱོལ་ཏོག་སྤྱོད་ཅིང་ཤིན་ཏུ་བདེ།། བདེ་བ་ཆེན་པོའི་རྒྱུད་ལས།།
199b5 མན་ངག་ཐམས་ཅད་མ་ལུས་ཀུན་རྫོགས་པའི་ལྷུན་གྱིས་གནས་པའི་ལེའུ་སྟེ་ཉི་ཤུ་པའོ།། ། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ལྟ་བ་སྣ་ཚོགས་བ་ལྟར་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ
199b6 དོ།། ཕྱི་དང་ནང་མེད་ཡེ་ཤེས་ཆེན་པོའི་མཁའ།། ཀུན་ན་ཀུན་ཉིད་དཔལ་གྱི་སྒྲ།། རང་བཞིན་དཀྱིལ་འཁོར་ཡང་དག་ཉིད།། དེ་བཞིན་མཉམ་རྫོགས་ལྷུ་ནི་གྲུབ་ཀྱིས།། ཡུལ་དང་རིག་པ་གཉིས་མེད་པར།། སྔ་ཕྱེ་མེད་དབྱིངས་དེ་བཞིན་ཉིད།།
199b7 སེམས་དབང་འདྲ་བ་ཡང་།། ལྟ་བར་སྣང་བས་འབྲས་བུ་མིན།། འདུས་དང་མི་འདུས་གནས་མི་གནས།། རྩ་བ་མིན་ཏེ་ལྟུང་བའི་རྒྱུ།། ས་ཡང་བགྲང་དང་འཇུག་ཕྱག་འཚལ།། བསྐྱེད་དང་བ་གྲུབ་དང་མཆོད་པ་རྣམས།། རང་གིས་དག་པས་དང་གནས་པ།




iiif viewer powered by OpenSeadragon

199a - 200a

Texts on this page

Gdg025.14 - rdo rje sems dpa' nam mkha' che/ kun tu bzang po gsang ba'i snying po'i rgyud