| | e-texts navigator
|
198a1 འགྱུར།། ཟླ་བའི་མཐིལ་བར་ལ་ཟིལ་མ་སྟེ།། ཡབ་ཡུམ་གཉིས་པར་གཞན་བརྟུལ་ན།། སྤར་བའི་དཀྱིལ་འཁོར་འད་འབར་ཏེ།། དཀྱིལ་ལཁོར་མ་ལུས་འགྲོ་བར་བསམ།། ཙྪ་ག་སྙིང་པོ་སུར་བསྒོམས་ཏེ།། ལག་གཉིས་གཞབས་པ
198a2 སྟེང་དུ་ནི།། སོར་བཞིའི་དཀྱིལ་འཁོར་བྲིས་བྱས་ལ།། བུམ་པའི་སྙིང་པོ་རྫས་བཀང་ལ།། དཀྱིལ་འཁོར་དབུས་སུ་བཀོད་བྷྱས་ལ།། བླ་རྒྱན་འོག་རྒྱན་པར་རྒྱན་རྣམས།། དཀྱིལ་འཁོར་ཆེན་པོ་ལ་སོགས་པ།། རབ་ཏུ་རྒྱན་གྱིས་བརྒྱན་ཚལ་གཞག། བཟང་བ
198a3 རྡོརྗེ་སྣ་ཚོགས་དང་།། གོས་ལྡུམ་བྱང་འཕྲུལ་སྣ་ཚོགས་དང་།། མཆོད་པའི་བྱེ་བྲག་སྣ་ཚོགས་པས།། བསྐོར་ཏེ་ཉིང་འཛིན་གྱིས་མཆོད་པ།། འདུ་ཤེས་མེད་པའི་མཆོད་པ་ནི།། མཆོད་པ་ཆེན་པོ་ཞེས་བྱབས།། མཛོད་པ་ཆེན་པོས་མཆོད་ལ་སོགས།། གཟུགས
198a4 བརྟནི་དཀྱིལ་འཁོར་གྲུབ་ཚད་ཀྱང་།། འབྱོར་ལྡན་ཏིང་འཛིན་ཡོད་པས་བྱ།། ས་ལ་སོགས་པའི་ཆོ་ག་དང་།། ཐིག་གདབ་ཚོན་གྱི་རིམ་པ་རྣམས།། དཀྱིལ་འཁོར་ལ་སོགས་ཆེན་པོའི་ཚུལ།། དབང་བཔུར་ཡང་དག་དཀྱིལ་འཁོར་ནས།། བསོད་ནམས་དཀྱིལ
198a5 འཁོར་སྤྱན་དྲངས་ཏེ།། དཀྱིལ་འཁོར་ཆེན་པོར་དང་པོ་ནི།། བླ་མའི་སེམས་བཅུག་དེ་ནས་ནི།། སློབ་མ་གཞུག་ཅིང་དབང་བསྐུར་བ།། ནུས་ཚད་གང་འདོད་ཉམས་དང་སྦྱར།། དེ་བཞིན་དཀྱིལ་འཁོར་ཆེན་པོ་ནི།། དབང་ཆེན་པོར་ནི་འཕྱང་བར་བྱ།། མཁས་ལྡན
198a6 དཀྱིལ་འཁོར་གང་འདོད་པས།། དཀྱིལ་འཁོར་གཅིག་གམ་གསུམ་མམ་ལྔ།། དགུ་དང་བཅུ་གསུམ་ལ་སོགས་པ།། དམུས་སུ་རིགས་ཀྱི་སྐུ་བསམ་ཞིང་།། སེམས་དཔའ་སེམས་མ་དེ་བཞིན་དགོད།། ཡང་ན་ཡིད་ལ་འཐད་འཐད་དགོད།། ཡང་ན་ཡབ
198a7 ཡུམ་བཅས་པ་དགོད།། ཡང་ན་གང་བསྒོམ་གང་འཐད་པའི།། ལྟེ་རྩིབས་དཀྱིལ་འཁོར་ཆེན་པོའི་ཚུལ།། ཁྲོ་བོས་སྒོ་བསྲུང་བྱ་བར་གསུངས།། ཁྲོ་མོའི་དཀྱིལ་འཁོར་ཆེན་པོ་ཡང་།། དེ་བཞིན་དུ་ནི་བྱ་གར་གསུངས།། སྣ་ཚོགས་སྡང་བ་ཐམས་ཅད
iiif viewer powered by OpenSeadragon
197b - 198b