e-texts navigator
Collection
Volume
Page
Wylie

194b1 ཅེས་ཀྱང་མགོས་ཐམས་ཅད་འཇོམས།། མི་འགྱུར་ག། ཡུང་དྲུང་རྫོགས་ཆེན་སྨྲ།། བྱ་ཤི་མེད་པའི་ས་ཡང་ཡིན།། ཆོས་ཀྱི་དབྱིངས་དང་སེམས་ཅན་ནི།། གཉིས་མེད་དེ་བཞིན་ཉིད་དུ་གཅིག། རྣམ་པར་བྱང་དང་ཉོན་མོངས་གཉིས།། སོ་སོ་མ་ཡིན་གཅིགག་དང་།། དུ
194b2 མེད་ངང་དུ་ཐག་ཆོད་པས།། ཉོན་མོངས་གཉེན་པོས་བཅོས་སུ་མེད།། གངོས་པ་ཅན་ཅི་ཆོས་མིན་པས།། ཇི་བཞིན་དེ་བཞིན་གནས་པ་ཡིན།། ང་མེད་བདག་མེད་རྒྱལ་བའི་མཆོག། ཀུན་རྫོབརྒྱ་འབྲས་རྣམ་པར་དག། ཉོན་མོངས་པ་ཉིད་བྱང་ཆུབ་སྟེ།། ཐམས
194b3 མ་ལུས་བདེ་གནས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ངོ་བོ་ཉིད་རྣམ་པར་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། དབྱིངས་དང་ཤེས་རབ་ཐ་སྙང་གཅིག། ཡེ་ཤེས་འབྱུང་འཇུག་སེམས་ཡིན་པས།
194b4 ཏིང་འཛིན་རྣམ་གསུམ་བསྒོམ་གྱིས་ཏེ།། ཉོན་མོངས་ལས་ལྔ་སྒོ་བཀག་ནས།། རང་རིག་རྣམ་ཏོག་སང་བ་ཡིས།། ལམ་ལྔ་ལྡང་བ་ནམ་རྟོག་ཡིན།། རྟོག་དང་མེ་རྟོག་གཉི་ག་མེད།། གཉིས་མེད་དེ་ཉིད་ཡང་དག་ལམ།། ཐེག་པ་བསམ་ཡས་མ་ལུས་པ།། དེ་བཞིན་ཉིད
194b5 ཧྲཱིས་མ་བརྗེད་པང་།། རྣམ་པར་རྟོག་པ་མཐའ་ཡས་པས།། བློ་ཡི་རིག་པའང་དེ་བཞིན་ཏེ།། སོ་སོར་འཚམས་པར་ཀུན་ལེགས་ལ།། བླ་མེད་རྡོ་རྗེ་ཐེག་མཆོག་ཉིད།། ཐམས་ཅད་རྩ་བ་ཡིན་པའི་ཕྱིར།། རྒྱ་མཚོའི་གློང་དུ་ཆུ་འབབ་བཞིན།། ཨ་མཚོའི་ཆ་ཡི་ན
194b6 ཉིད།། མུ་བསྡུས་རང་བཞིན་འདུས་བཞིན་ནོ།། ངོ་བོ་ཉིད་འདི་ཐེག་པའི་མཆོག། སྐྱེམཚོ་མདྨ་རིན་པོ་ཆེ།། རྡོ་རྗེ་འམ་པར་མ་གུ་ཉིད་དེ།། ཇི་བཞིན་ཉིད་ལས་མ་གཡོས་པར།། སྲིད་གསུམ་འགྲོ་བ་བསམ་ཡས་སུ།། ཉི་མ་ཤར་བའི་འོད་བཞིན་དུ།། བདེ
194b7 གཤེགས་ཞིང་རྣམ་པ་ག་བྱེད་པའི།། ཐེག་པའི་རྣམ་གྲངས་པསམ་མི་ཁྱབ།། ཐུགས་རྗེས་ཞིང་དུ་བྱས་པ་རྣམས།། དོན་དུ་མི་འགྱུར་ལོངས་མ་གསུངས།། དོན་དང་མཐུན་པས་བརྟན་པ་ཅན།། རང་བྷང་དབྱིངས་སུ་རྟོགས་པར་འདུས།། དྲི་ནི་དགེ་པའི་ཅན




iiif viewer powered by OpenSeadragon

194a - 195a

Texts on this page

Gdg025.14 - rdo rje sems dpa' nam mkha' che/ kun tu bzang po gsang ba'i snying po'i rgyud