| | e-texts navigator
|
186b1 དཀྱིས་འཁོར་རབ་ལ་རྫོགས།། མི་ལེན་མི་འདོད་ནམ་མཁའི་དང་།། རྣམ་པར་མི་རྟོག་དཀྱིལ་འཁོར་ལས།། ཀུན་རྫོབ་སྒྱུ་མ་རོལ་པ་ཡི།། གཏི་མུག་དཀྱིལ་འཁོར་བསྟན་པ་མཚར།། བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་དོན་དམ་པའི་དེ་ཁོ་ན་ཉིད་ལས། ཉོན་མོངས་རྣམ་པར
186b2 དག་པའི་དཀྱིལ་འཁོར་ཆེན་པོ་ལྔའི་རང་བཞིན་ཡིན་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས། དངོས་གྲུབ་ཕུད་པའི་ཏིང་ངེ་འཛིན་པ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མེད།། དངོས
186b3 མཆོག་གི། སྙིང་པོ་ནི།། བཅོམ་ལྡན་འདས་ཏཱི་རྦོ་ཡི་སྐུ།། སྲྀ་ཐལ་རྒྱལ་པོ་རྡོ་རྗེ་འཛིན།། གསང་སྔགས་སྙིང་པོ་ཀུན་བསྡུས་པ།། འགྲོ་ལྔ་ལ་ཡངས་བདུད་བཞིར་ལྡན།། ལུས་དང་ངག་དང་སེམས་རྣམས་ནི།། རང་ས་ཉིད་ན་མི་དམིགས་ཏེ།། གང་ནའང་མི་གནས་མཉམ་པ་ཉིད།། སྐྱེ་གསུང
186b4 ཐུགས་ཏེ་རྡོ་རྗེའི་ཁྲུ།། འཇིག་རྟེན་ཁམས་ནི་མཐའ་ཀླས་པར།། སངས་རྒྱས་རྒྱལ་བས་བཙལ་དཀའ་བས།། མཁའ་དབྱིངས་དག་པའི་དབུས་གནས་པར།། དཀྱིལ་འཁོར་ཧཱུཾ་དུ་ཀུན་འདུས་ཕྱིར།། ཙིཏྟ་ཧཱུ~ཾ་ཊ་རྣམ་པར་བསྒོམ།། དང་གཟུགས་ཧཱུཾ་རུ་རབ་ཏུ་བརྟགས།། ཧཱུ~ཾ་གི་དཀྱིལ་འཁོར་ང
186b5 བདོག་རྣམས་ལ་འཕྲོ་བསབས་མ།། རྡོ་རྗེ་སེམས་དཔའ་རྒྱལ་བའི་ག།། སྠི་དེ་མ་ཐག། སྐུ་གསུང་སྔགས་ཀྱི་རྡོ་རྗེ་འཛིན།། གཙོ་བོ་ཧཱུ~ཾ་དེ་དབང་ཕྱུག་མཆོག། རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི།། སྐུན་མས་སྙིང་རོ་རྡུ་ལ་འདུས།། ཡོ་གེ་མཆོག་ཏུ་གྱུ་ར་ད་ཧཱུཾ།། ཕུང
186b6 དབུས་ན་འོད་འབར་ཏེ།། ཞིག་པས་རྡོ་རྗེ་རྩེ་ལྤགས་ལ།། ཐལ་བའི་སྙིང་པོ་རྡོ་རྗེ་དེ།། རྡོ་རྗེ་ཆེ་མཆོག་རྡོ་རྗེ་འཛིན།། རྡོ་རྗེ་སྙིང་པོ་བརྟན་པ་ལ།། འཁོར་ལོ་ལ་སོགས་འདུས་པ་སྟེ།། ཧྲཱི་བཞི་དཀྱིལ་འཁོར་ངོ་མཐོང་མེདེ།། ཞིག་པས་སངས་རྒྱས་བྱང་ཆུབ་ལམ།། འདི་ནི་དངོས
186b7 ཆེན་ཏེ།། འདས་དང་རྩ་འོངས་ད་ལྟར་དང་།། འབྱུང་བར་མ་ངེས་སངས་རྒྱས་ལའང་།། གསང་བ་མཉམ་སྐྱོར་དངོས་གྲུབ་ནི།། ཡི་གེ་ཞིག་ཚུལ་འདི་ལས་མེད།། བཙལ་ཀྱང་རྒྱལ་བས་མི་རྙེད་དེ།། དངོས་གྲུང་དོན་ཆེན་འདི་ལས་མེད།། རྫོགས་ལྡན་དབང་པོའི་ཕྱིར་མཁན་གྱིས།། དབང
iiif viewer powered by OpenSeadragon
186a - 187a