e-texts navigator
Collection
Volume
Page
Wylie

186a1 དཀྱིལ་འཁོར་གསུམ་དུ་བསྒོམ།། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས།། ཕུགསུང་ཐུགས་ལ་ལོངས་སྤྱོད་དོ།། ནམ་མཁའ་དབྱིངས་ཀྱི་དབུས་གནས་པའི།། རྡོ་རྗེ་མི་འགྱུར་བརྟན་པའི་སར།། བླ་མེ་ཤེས་རབ་གཅིག་ཏུ་མཚུངས།། པ་ཤིང་ཐར་པ་མ་སྦྱ་བྱང
186a2 སྤོང་བས་སེམས་ཅད་ཐམས་ཅད་གསོད།། ཁམས་གསུམ་འགུལ་བ་ཀུན་བསད་ནས།། མི་བསྐྱོད་སངས་རྒྱས་ཞིང་དག་ཏུ།། རིགས་མཆོག་རྒྱལ་པོ་རྡོ་རྗེའི་སྐྱེ།། ངོ་བོ་ཉིད་གཙང་གོས་པ་མེད།། ཀུན་རྫོགས་བྱང་ཆུབ་སྤྱོང་མཛད་པའི།། རླབས་ཆེན་སངས་རྒྱས་ཀུན་མི་ཆད།། གཏི་མུག
186a3 འཁོར་རབ་བསྒོམས་ནས།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དེར།། རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་སོགས།། ཞེ་སྡང་ང་རྒྱལ་འདོད་ཆགས་དང་།། བྲག་དོག་ལ་སོགས་དཀྱིལ་འཁོར་ལའང་།། རྒྱལ་པའི་དཀྱིལ་འཁོར་མ་ལུས་རྫོགས།། དམ་པའི་དཀྱིལ་འཁོར་ལྔ་ཉིད་དུ།། དཔ་འདོད
186a4 བསླར་ན་བསྐུར་ནས་དང་།། རིག་འཛིན་སངས་རྒྱས་མཆོག་འདོད་པས།། ལྔ་པའི་དཀྱིལ་འཁོར་འདི་ལས་འབྱུང་།། དེ་དག་ཐམས་ཅང་ཉེ་བར་བསྲུང་།། མི་བྱེད་ཕྲགསུང་ཐུགས་ལྡན་པའི།། འདོད་ཆགས་ལ་སོ་གས་དཀྱིལ་འཁོར་འདི།། རིབས་ཀྱིར་མཆོག་ཡང་དག་སྟེ།། གསང་སྔགས
186a5 རྒྱལ་པོ་རྡོ་རྗེ་འཛིན།། བདག་མེད་ཡེ་ཤེས་ལས་བྱུང་བ།། རྡོ་རྗེ་གསང་བའི་དོན་བསྒྲུབས་པས།། སངས་རྒྱས་ཐམས་ཅད་འརླབ་བྱའི་ཕྱིར།། གསང་བའི་དཀྱིལ་འཁོར་འདི་རྣམས་བསྒོམ།། དཀོན་མཆོག་གསུམ་པོ་གང་མཆོད་པས།། རྫ་བའི་དཀྱིལ་འཁོར་བ་རྟེན་བྱ་ན།། མཆོག་གསུམ
186a6 འགྲུབ་ཅིང་སྙིང་པོ་ཡང་།། བརྟེན་པས་ཡེ་ཤེས་ཐོབ་པར་འགྱུར།། དཀྱིལ་འཁོར་འདི་ལ་བློད་མན་པ།། ལྟ་བ་ལོག་པའི་འདུ་ཤེས་ཅན།། ངན་ཕྱུགས་རྦ་ཞིང་སངས་རྒྱས་སྤོང་།། སྔགས་ཀྱི་སྒོ་དང་དུ་སྤྱོད་པ།། དེ་ནི་ལྟ་བའི་དོན་མཁས་ཏེ།། སྔགས་ཀྱི་སྤྱོད་པས་སྦྱོར་བའི་མཆོག། ནམ་མཁས་ཀུན
186a7 གྱི་རྗེས་འགྲོ་སྟེ།། ཆོས་ཀྱི་དཀྱིལ་འཁོར་མ་ལུས་པའང་།། ནམ་མཁའི་དཀྱིལ་འཁོར་ཁོངས་སུ་འདྲ།། དེ་བཞིན་དཀྱིལ་འཁོར་མ་སྤངས་པ།། དཀྱིལ་འཁོར་ཆེན་པོ་ཡི་སངས་རྒྱས།། རྣལ་འབྱོར་དེ་པྱོད་སྐལ་པ་བཟང་།། བདག་དང་གཞན་དོན་མི་བྱེད་པས།། སྒྱུ་མ་སྲུན་དུ་བ་ཡུལ་ལ་རོལ།། རང




iiif viewer powered by OpenSeadragon

185b - 186b

Texts on this page

Gdg025.14 - rdo rje sems dpa' nam mkha' che/ kun tu bzang po gsang ba'i snying po'i rgyud