| | e-texts navigator
|
183b1 ཡཾ་ཞེས་སྤྱི་ཐུགས་པ་ལ་ལྷ་མི་མདའ།། རྣམ་རྟོག་བདུད་ཡི་ན་རྡོ་རྗེ་འཆང་བ་ཉིད།། ཁྱུང་ཆེན་མཁའ་རླབས་གཅོད་ལྟར་ཁྱད་པར་ཆེ།། མི་ལྡོག་ཡེ་ཤེས་མཆོགས་འདི་ཡང་དག། ཡེ་ཤེས་ཕྲགས་འདི་ཀུན་གྱི་འགྲོ་ཁུང་སྟེ།། མི་གནས་གནས་མེད་མི་རྟོག་ཡངས་པའི་ལམ།། གང་བདག་ཏན
183b2 ལ་འདི་གནས་མ་ཡིན།། རྡོ་རྗེ་འཛིན་པ་ཆེན་པོས་མཆོག་ཏུ་དགེས་པའི་མཉམ་ཉིད་ཅེས་བྱ་བ་ཇི་ལྟར་ལགས་ཞེས་གསོལ་པས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཀུན་གྱི་གསང་མཆོག་དགྱེས་པས་ན།།
183b3 དུཉྀ་རྟག་ཏུ་བཞུགས།། དེ་ནི་རང་བྱུང་བཅོམ་ལྡན་འདས།། གཅིག་ཏུ་རབ་ཏུ་ཆེ་བའི་སྐུ།། ཐམས་ཅད་མ་ལུས་མཆོག་གི་བླ།། ཀུན་སྦྱོར་མཉམ་ཡིན་དག་པ་སྟེ།། ངོ་བོ་ཉིད་ཀྱི་མཐུར་ལྡན་པས།། ཆགས་མེད་ཆགས་དང་བྲལ་བའང་མིན།། སངས་རྒྱས་མ་ལུས་མཉམ་སྦྱོར་ཕྱིར།། དང
183b4 ཡང་ནི་མི་དམིགས་སོ།། ཀུན་རྫོབ་གཉིས་མེད་ཐེག་པའི་མཆོག། སངས་རྒྱས་ཀུན་གྱི་བདེ་ཆེན་ཡིན།། སངས་རྒྱས་ཀུན་གྱི་བདག་པོ་ཉིད།། རྟོག་པ་ཉིད་དུ་རྣམ་པར་བཞུགས།། བྱང་ཆུབ་སྤྱོད་པ་སྣ་ཚོགས་མཆོག། བཞུགས་བསམ་བདུད་ལས་རྒྱལ་ལ་སོགས།། ཀུན་ཏུ་སྐུ་དང་ཐེག་ཀུན་དང་།།
183b5 ལ་སོགས་ཏེ་རྩིབས་གནས།། རིན་ཆེན་རལ་གྲི་བརླ་དང་།། རྡོ་རྗེ་གན་ཏེ་འཁོར་ལོ་སྟེ།། ཨུཏྤལ་སྤོས་ཏོག་མེ་མར་དྲི།། སྲེག་ཤིང་མེ་ལོང་ལ་སོགས་ལ།། ངོ་མཚར་སྒྱུ་འཕྲུལ་ཕྱག་རྒྱ་ནི།། འཁོར་ལོ་ལས་ནི་སྣ་ཚོགས་འབྱུང་།། དེ་ཉིད་འདོད་ཆགས་འདོད་ཚོགས་བྲལ།། འཇིག་རྟེན་གསུམ
183b6 དང་ཁམས་གསུམ་དང་།། དུས་གསུམ་སྲིད་གསུམ་མཆོག་གསུམ་དང་།། རྣམ་པར་གྲོལ་དང་མ་གྲོལ་དང་།། མཉམ་དང་མི་མཉམ་ལ་སོགས་པ།། འཁོར་ལོའི་ཚུལ་དུ་རྣམ་པར་བསྐོར།། རྣམ་པ་སྣ་ཚོགས་ཐ་དད་པའི།། དཀྱིལ་འཁོར་མེ་ལུས་བསམ་ཡས་དང་།། འགྲོ་བ་དག་ནི་མ་ལུས་བུད།།
183b7 ཆོས་ཀྱི་དབྱིངས་དང་མི་མཉམ་པའི།། དམ་པ་རྒྱ་མཆོག་མ་ལུས་ཕྱིར།། སངས་རྒྱས་ཐམས་ཅད་མ་མ་སྦྱོར་བའི།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། བྱང་ཆུབ་སེམས་ཉིད་རྡོ་རྗེ་ལྟེ།། སངས་རྒྱས་ཀུན་གྱི་བདག་ཉིད་ཡིན།། དཔའ་བོ་མཆོག་གི་དཀྱིལ་འཁོར་དུ།། སངས་རྒྱས་དཀྱིལ
iiif viewer powered by OpenSeadragon
183a - 184a