| | e-texts navigator
|
183a1 བའི་གཟུགས་བརྙན་ནོ།། སྒྲིབ་པ་གོལ་ས་ཉིད་ནི་རྙིང་བར་འོངས་མ་གསུངས།། ཀུ་རྫོགས་འདི་མ་མཐོང་བར་རྒྱལ་བ་འབྱུང་མ་སྲེད།། དེ་ནས་བཅོམ་ལྡན་འདས་ལཛ་རྗེ་འཛིན་པས། རྫོགས་པའི་སྙིང་པོ་འདེ་བསམ་པར་བྱབ་ཅི་མཆིས་ནས་གསོལ་བས། གནས་བརྩོམ
183a2 ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། མི་བསམ་མི་གཡེང་མི་བསྒོམ་མི་དམིགས་པར།། དེ་བཞིན་སྙིང་པོ་འདི་ལ་དམིགས་སྒྲ་ཡོང་མིན་པས།། འཛིན་པས་མི་གཟུང་དེ་བཞིན་རང་བཞིན་བཞག།། བསམ་པ་རྟོགས་ཡིན་གྱི
183a3 ཅི་ཡང་བསམ་མི་ཁྱབ།། གྲུབ་པའི་མཐའ་མི་སྤྱོད་པ་བསམ་པའི་མཆོག། ཡུལ་དང་དབང་པོར་མི་འབྱེད་ལྷག་པར་བཞག། དབང་པོ་ཡུལ་ལ་ཡན་པ་བཏུལ་མི་བྱ།། ཡུལ་ལ་མ་གཞིག་ཡེ་ནས་དེ་བཞིན་ཉིད།། ཇི་བཞིན་ཡུལ་ལ་དེ་བཞིན་མི་འབྱེད་པ་ཉིད་མཆོག། ཀུན་བཟངས་ཡངས་པའི་མཁའ་དེར
183a4 ཐམས་ཅད་ལམ་གྱིས་རྫོགས།། ཁྲུ་བྱུག་དུས་བསྲུང་ནམ་བླ་དགོས་བསྲུབ་ལྟར།། གཞན་གྱིས་ཇི་ལྟར་རིང་རྒྱུད་སྲུངས་ཏེ་གཞུང་བསྟེགས་ཀྱང་།། དགོས་དོན་རྫོགས་ཆེན་མ་གྲུབ་པར་དུ་བྱང་ཆུབ་མེད།། དེ་ཀྱིར་རྣལ་འབྱོར་དོན་ལ་འཇུག་པ་རྣམས་ཀྱིས་ཀྱང་།། འདི་ལ་མི་བསྒོམ་མི་བཙལ་རང་ས་དེ་བཞིན།
183a5 བཞག། ཕྱག་རྒྱ་སྐུ་རུ་བསྒོམ་པ་གོལ་ས་ཡིན།། རྒྱུ་འབྲས་གཉིས་སུ་འབྱེད་པ་འཁྲུལ་པའི་ལམ།། བདེན་པ་གཉིས་མེད་དེ་བས་མིང་ཡང་མེད།། དགེ་སྡིག་གཉིས་མེད་སྡིག་པ་བྱས་པ་མཆོག། སྦྱོར་བའི་ཡུལ་མེད་སྣང་སྲིད་ཡེ་སངས་རྒྱས།། གང་ཡང་མི་སྐྱེ་མི་འགག་ཅིར་ཡང་དགེངས་སུ་མེད།།
183a6 རྒྱལ་བའི་ཡུལ་དུ་ཁྱེན་པས་དེ་བཞིན་ཉིད།། ཅིས་ཀྱང་བསྒོབ་མེད་པས་ནམ་མཁའི་ཀློང་།། དེ་བཞིན་གྱི་ནར་མ་བཅོས་དེ་ཉིད་རང་བཞིན་བཞག། བདེ་བ་ཆེན་པོར་རྒྱུད་ལས། གསང་བའི་མ་ནངག་གི་སྙིང་པོ་རྫོགས་པ་ཆེན་པོ་ཉིད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་རྡོ་རྗེ་འཇོན་པས
183a7 བཅོམ་ལྡན་འདས་ལྟ་བ་ཞེས་བྱང་ཇི་ལྟར་ལགས། ཞེས་གསོལ་བས། བཅོམ་ལྡན་འདས་ཀྱིས་དམིགས་སུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ལྟ་བའི་ཀློང་ཉིད་འདི་ལ་སུས་ཀྱང་དཔྱད་དུ་མེད།། སོང་བའི་བསམ་གཏན་པ་ཉིད་ལྟ་བས་ཏ་མས།
iiif viewer powered by OpenSeadragon
182b - 183b