e-texts navigator
Collection
Volume
Page
Wylie

17a1 ད་།། ཛྙཱན་པས་བ་ལམས་པ་པདང། ཆགས་པ་བན་དུ་ན་རང་ཀྱང་དུབྱུ་འདོང་བ་རྒྱུད་པས། བྱུ་ག་ཏུད་ང་། གས་ན
17a2 དོན་གྱི་སྙིང་པོ་དང་བྱུང་བ་ར་བའི་དཁོང་པོའི་ཆུང་གསེར་གྱི་དྲིལ་ཤིང་ཅན་ཅེས་ཀྱང་རྫོགས་སོ།། ། མ་གང་ཀྱི་མཁན་པོའི་མ་པ་མི་དང་། བོད་ཀྱི་པོ་དྡ་གཏགས་དོན་སུ་སྤངས་བསྐུར་ཅིང་བྱས་ཏེ་གཏན་ལ་རབ་པའོ།། །། ཉད་ཏེང་འཛིན་པརང་པོ་ལ་བཤད
17a3 གཏེར་དུ་མ་ནང་ག་དང་བཅས་པ་བཇུག། མགོན་པོ་ནག་པོ་དང་རྡོ་རྗེ་ལེགས་པ་དང་། རྡོ་ན་རྩནཱ་གཅིགས་ལ་གཏད། དབུ་ཅུ་བཟང་ཟུག་མེ་དྲག་ལསྲས?། འབྲོམ་པོ་ཤེས་སྟི་བློས་བཏོན་ནས། སྲས་དབང་ཕྱུག་རྫ་མ་རྒྱལ་བ་ཤད་། དེས་སྲས་ཡེ་ཤེས་སེར
17a4 གཏད། དེས་ཇོག་སྟོན་འོད་འབར་ལ་གཏད། དེས་རོང་པག་རླབས་ཆུང་བ་དང་། ཉང་བ་ན་རིན་ཆེན་གཙུག་ཏོར་ལ་གཏད་པའོ།། ། རྒྱ་གར་སྐད་དུ། སནྟི་མ་ཧཱ་ས་མནྟ་བྷ་དྲ་ཙི་ཏ་གུ་ཧྱ་ནཱ་མ་ཏནྟ། བོད་སྐད་དུ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ
17a5 ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མའི་ཕྱི་མ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཆང་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་སྟོང་གསལ་ཆེན་པོའི་ཏིང་ངེ་འཛིན་ལ་ཞུགས་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པའི
17a6 རྣམས་ལ་བཀའ་སྩལ་པ། ཀྱ་མ་ཧེ།། ཉོན་ཅིག་རྡོ་རྗེ་འཛིན་ཚོགས་རྣམས།། རིག་པ་སྐྱོང་གསལ་རྟོགས་འདོད་ན།། དང་པོ་སེམས་ཉིད་གཟུང་བ་དང་།། དེ་ནས་ལམ་དུ་བླང་བར་བྱ།། ཞེས་བཀའ་སྩལ་ཏོ།། དེ་ནས་རྡོ་རྗེ་སེམས་དཔས་གསོལ་པ། ཀྱེ་རྩེ་བཅོམ
17a7 རྡོ་རྗེ་འཆང་།། རིག་པ་སྟོང་གས་ལ་རྟོགས་པ་ཡི།། སེམས་གཟུང་ལམ་དུ་བླང་བ་ནི།། དེ་དོན་རིམ་པ་ཇི་ལྟར་ལགས།། དེ་སྐད་གསོལ་བའི་ཚགགས་ན་ནས།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། སེམས་གཟུང་རིམ་པ་འདི་ལྟ་སྟེ།། མཐོ་དང་རི་མོ་འཇམ་དྲུང་དང་།




iiif viewer powered by OpenSeadragon

16b - 17b

Texts on this page

Gdg025.1 - rdzogs pa chen po rmad byung don gyi snying po/ /rang byung bde ba'i 'khor lo'i rgyud
Gdg025.2 - rdzogs pa chen po kun tu bzang po ye shes gsal bar ston pa'i rgyud phyi ma'i phyi ma