e-texts navigator
Collection
Volume
Page
Wylie

178b1 བ་མ་མོ་ཧི་ཁྲི་ནས།། ཟབ་མོའི་གདམས་ངག་རྩ་བདུན་གྱིས།། སྡུག་བསྔལ་ཀྱང་གཅོད་འཁོར་ལོ་བསྐོར།། ཐོབ་མང་རྩེ་མོ་བྱུང་རྒྱལ་ལ།། ཀློང་དགུབ་མ་པོ་ཏི་ཁྲི་ནས།། གདམས་ངག་དགུ་བཅུ་རྩ་དྲུག་གིས།། བདུད་རྩི་རྩ་དང་། ཅོད་འཁོར་ལོ་བསྐོར།། ཀུན་འདུས
178b2 ཀུན་གྱི་རྩ་བ་ལ།། ཀློང་དགུབ་མ་པོ་ཧི་ཁྲི་ནས།། ཟབ་མོའི་གདམས་ངག་ཉི་ཤུ་ཡིས།། བདག་འཛིན་ཅད་གཅོད་འཁོར་ལོ་བསྐོར།། སྤྱི་བཅིངས་དོན་གྱི་ཆེ་བ་ལ།། ཀློང་དགུ་བ་མ་པོ་ཧི་ཁྲི་ནས།། གདམས་ངག་ཉི་ཤུརྩ་གཉིས་ཀྱིས།། རྟག་ཆད་ཅང་གཅོད་ཁོར་ལོ
178b3 བསྐོར།། མ་རིག་འཁྲུལ་པ་ཚར་གཅོད་ཅིང་།། ཡང་དག་དོན་ལ་དགོད་པའི་ཕྱིར།། རྡོ་རྗེ་ལྟ་བུའི་རྩ་བ་ལ།། སྡོང་ཆེན་བརྒྱད་ཀྱི་འཁོར་ལོ་བསྐོར།། བདུན་བརྒྱད་རྩ་བདུན་སྤྲུལ་པ་འགྱེད།། བདག་གཞན་ཞེན་པ་རང་ས་དགྲོལ།། རིག་པ་རྩལ་གྱི་གྱི་སྡོང་པོ་ལ།།
178b4 ང་རིག་པའི་གོ་བ་སྐྱེ།། གབ་པ་མངོན་འབྱུང་སྡོང་པོ་ལ།། ཆོས་སྐུ་རང་གསལ་རྟོགས་པ་འཆར།། ཡེ་ཤེས་ཟད་ཐལ་སྡོང་པོ་ལ།། རང་བྱུང་མིན་པ་ཀ་ནས་མེད།། ཆོས་སྐུ་ཐུག་ཕྲད་སྡོང་པོ་ལ།། ཅིར་སྒྲང་ཆོས་སྐུར་ཡེ་ཤེས་སྐྱེ།། ཆོས་ཉིད་ཅོག་བཞག
178b5 སྤོང་པོ་ལ།། ཅིར་སྣང་ཆོས་ཉིད་བྱས་ཟིན་འགྲུབ།། ཚོར་བ་རྗེས་མེད་སྡོང་པོ་ལ།། བརྟགས་སྣང་མི་བདེན་ཡིད་ཆེས་སྐྱེ།། དམིགས་པ་བརྗེད་མེད་སྡོང་པ་ལ།། དྲན་མེད་ཉམས་བླང་ཤུགས་ལས་འབྱུང་།། འཛིན་མེད་རྟོད་ཕུར་སྡོང་པོ་ལ།། འཛིན་མེད་ཡེ་ཤེས
178b6 ཤུགས་ལ་འཆར།། ཅེས་པ་བཅོ་བརྒྱད་ཀྱི་དོན་ནན་ཏན་དང་བཅས་པ་གསུངས་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལས། འཁོར་ལོ་བཅོ་བརྒྱད་ཀྱི་གདམས་ངག་གནང་བའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ཡང་སྤྲུལ་པའི་སྐྱེས་བུ་ཆེན་པོ་དེས།
178b7 འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་ཉིད་ཡེ་ནས་སངས་རྒྱས་པས།། བྱ་བ་ཙལ་མེད་པར་ལྷུན་གྱིས་གྲུབ།། འདི་ལྟར་སྣང་བས་སངས་རྒྱས་ཉིད།། རང་བྱུང་ཡེ་ཤེས་རཕེལ་འགྲིབ་མེད།། འཁོར་འདས་ལ་མ་པའི




iiif viewer powered by OpenSeadragon

178a - 179a

Texts on this page

Gdg025.13 - rin po che gdams ngag sna tshogs 'khor lo'i rgyud