e-texts navigator
Collection
Volume
Page
Wylie

176a1 བསྟན་པའི་འཕེབ་འབྲེབ་བརྗོད།། ད་ལྟ་གདམས་པ་ཆ་བ་ཡིས།། ད་ཡི་རྒྱལ་ཚག་ཁྱོད་ཀྱིས་གྱིས།། ཐེག་པ་ཀུན་གྱི་སྤྱི་ཕུད་འདི།། བསྟན་པདམ་པ་ཁྱོད་ལ་གཏད།། ཁྱོད་ནིང་ཡི་སྙིང་པོར་བྱུང་།། ང་ཡི་རང་བཞིན་འདི་ཟུང་ཞིག། ཁྱོད་ཀྱིས་སྨྲ་བའི་སེ་གེ་གྱིས།། སངས་རྒྱས
176a2 མེས་ཁྱོད་ཀྱིས་ཀྱིས།། ཁྱོད་ཀྱིས་སེམས་ཅན་ཕ་མ་གྱིས།། བསྟན་པའི་སྙིང་པོ་རྒྱུད་མཆོག་འདི།། ཉན་ཐོས་ལ་སོགས་ཐེག་དམན་ལ།། རླུང་ཕྱོགས་ཙམ་ཡང་མ་བརྗོད་ཅིག། ཚིག་འདི་ཐོས་ནས་དདངས་སྐྲག་བརྒྱལ།། གསང་སྔགས་སྐྱི་ལ་ཡིད་ཕྱུང་ནས།། རྣམ་ཕྲིན་དམྱལ་བ་མནར་མེད་ལུང་།།
176a3 བསྟན་ཅིང་ཐོས་པའི་གླགས་མེད་དོ།། བལྟ་བའི་རྒྱལ་པོ་དོན་གྱི་སྙིང་།། མན་དག་ཀུན་གྱི་རྩ་བ་འདི།། སེར་སྣ་ཆེ་ལ་དད་བ་ཆུང་།། རྣབས་ཟོས་ན་བཞེད་པ་དབང་།། ལག་ཏུ་ཐོབ་ན་ཟོང་དུ་ཆེ།། དོན་དུ་མི་བསྒོམ་ཚིག་ཏུ་རེད།། བྲེལ་མེད་ཐབས་ཀྱིས་འདོད་པ་ལ།། ཡུལ་ཁམས་སྟེར་ཡང་མི་སྦྱིན་ནོ།།
176a4 ཐོས་མེད་ཤེས་ཆུང་ཐོ་ཙོ་མཁན།། མན་ངག་གདེང་དུ་མ་གྱུར་པར།། ང་ཆེ་སློབ་དཔོནས་འཛིན་པ།། སྐད་པ་བྱེ་ཕྲུག་རུམ་པ་འདྲ།། དེ་ལ་རྒྱུད་འདིའི་སྐལ་བ་མེད།། དམ་ཚིག་ཉམས་དང་རྫུན་པོ་ཆེ།། སློབ་དཔོན་བཀའ་བཞིན་གཅིག་མི་བྱེད།། གཞོགས་དོམ་བྱེད་ཅིང་རང་ཆེ་འབྱིན།། དྷམརྒུ་ཞིང་ཆོས
176a5 རྣམས་བསླུ།། བྱི་ལམ་ནོར་ཆུང་མཚད་རྣམས་རྫོགས།། ངང་ཆུང་མན་ངག་སཱ་འཚོགས་བྱེད།། བཞེད་པ་མཐོ་རིས་བྱང་ཆུབ་བཞེད།། གཤེགས་པ་ན་རག་དམྱལ་བར་གཤེགས།། དེ་འདྲའི་སློབ་མ་སྣོད་ངན་ལ།། ཐེག་པའི་བཅུད་འདི་ཤིན་ཏུ་གསང་།། ཉི་ཟླ་ཐང་ལ་ལྷུང་གྱུར་ཡང་།། སྐད་ཅིག་ཙམ
176a6 ཡང་མ་བསྟན་ཅིག། དམ་ཉམས་པོ་ལ་བྱང་ཆུབ་མེད།། སྡིག་པོ་ཆེ་ལ་མཐོ་རིས་མེད།། སེར་སྣ་ཅན་ལ་མན་ངག་མེད།། འཛིན་ཆགས་ཅན་ལ་ཐར་ལམ་མེད།། ཤེས་པའི་སྒོ་དོག་ཐོས་པ་ཆུང་།། ང་རྒྱལ་ཁ་འདོར་ཁེངས་པ་དང་།། སྒོམ་སྒྲུབ་འཛའ་གད་དབང་དུ་གཏོར།། ལྟ་བ་མེད
176a7 བའི་རས་ཚོད་མཁན།། དམ་ཚིག་ཉམས་པའི་གཟུ་ལུམས་མཁན།། སྤྱོད་པ་རྩིད་པའི་ཐེ་ཙོ་མཁན།། ཁ་ཡང་གཏིད་ཐུང་དོ་དགའ་མཁན།། མན་དག་མེད་པའི་བཙན་སྦྱོར་མཁན།། སྙིང་རྗེ་མེད་པའི་བཙན་སྒྲོལ་མཁན།། ཐར་ལམ་ནུབ་ཅིང་དམ་གཞུན་ཤོར།།




iiif viewer powered by OpenSeadragon

175b - 176b

Texts on this page

Gdg025.12 - chos thams cad kyi don ston pa rdzogs chen thig le nyag gcig ye nas bya rtsol bral ba