e-texts navigator
Collection
Volume
Page
Wylie

175b1 གྲགས།། ཚིག་དང་ཡི་གེ་རིས་སུ་གསལ།། སྟན་བརྒྱད་ཆེན་མོ་ཞེས་སུ་གྲགས།། ཐེག་པ་མ་ལུས་ཀུན་འབྱེད་བས།། གསལ་བར་བྱེད་པའི་མ་ལོང་ཡིན།། རབ་ཟབ་རྒྱམ་གློང་ཡངས་མཚན།། བལྟ་བའི་མོ་ལོང་དགོངས་པ་ཡིན།། སྡུག་བསྔལ་ལྷ་མཚོ་སྐམས་པས་ཏེ།། སྐལ་ལྡན་འབྲེལ་ཚད་ཆོས་མུ་གྲོལ།
175b2 ཐེག་པའི་ཡང་སྙིང་ཨ་ཏི་ཟེར།། དགོངས་པ་མ་ལུས་ཁྲོལ་བའི་ཀློང།། ནམ་མཁའ་ལྟ་བུར་ཡངས་པའི་ཆུད།། མངོན་སུམ་རང་གནད་གཅར་ལོག་ཏུ།། སངས་རྒྱས་སྟོན་པའི་རྒྱུད་ཆེན་པ།། ཨ་ཧོ་སམས་དཔའ་རྡོན་རྩལ།། བླ་མེད་ཅད་འདི་མ་ཤེས་པར།། ཉམས་སུ་ལེན་འདོད་ཐེག་པ་རྣམས།།
175b3 ལམ་ལ་ཞུགས་པའམ།། མུན་ཁུང་ནང་དུ་མཛུབ་གཡུགས་འདྲ།། རྒྱུད་འདི་ཤིན་ཏུ་དཀོན་པ་སྟེ།། སྔར་འདས་རྒྱལ་བས་འདི་མ་གསུངས།། ད་ལྟའི་རྒྱལ་བས་གསུངས་པ་དེ།། སྐལ་བར་ལྡན་པའི་གང་ཟག་གིས།། རྒྱད་འདི་མཐོང་བས་བསྙེན་བསྐྱབ་ཟིན།། ཚིག་འདི་ཐོས་པས་རང་སར་གྲོལ།། ལུང་འདི
175b4 སྣང་བས་གཏན་ལ་ཕེངས།། དོན་འདི་བལྟས་པས་འཛིན་ཆགས་བྲལ།། ལྟ་བ་ཀུན་གྱི་མཐར་ཐུག་ཆེ།། དེ་ཡི་ཕྱིར་ན་གསང་རྒྱུད་འདི།། འཛིན་འ་ཆང་སྐྱེས་བུ་སྐལ་བ་ཆེ།། རང་རིག་རྩལ་གྱི་དབང་པོབ་སྟེ།། བྱུང་འདི་རེག་པ་ཙམ་གྱིས་ནི།། ཀུན་པ་མང་དེ་དང་སྐལ་བ་མཉམ།། རྒྱན་དུ་གུས་པར་བྱེད་པ་དང་།
175b5 བོར་ལ་སོགས་འཆང་བ་ན།། ཚེ་འདིར་ཐུན་མོང་དངོས་གྲུབ་ཐོབ།། སྤྲུལ་པའི་སྐུ་རུ་ངེས་པར་འགྱུར།། ཕྱི་མ་པར་དོ་མེད་པར་གྲོལ།། འདི་ཉིད་མཆོད་ཅིང་བསྟོད་པ་ན།། དུས་གསུམ་བདེ་གཤེགས་མཆོད་པ་དང་།། བསོད་ནམས་ཡོན་ཏན་མ་ཚུངས་པའོ།། རྒྱུད་འདི་སུ་ཡིས་བཀླག་པའི་མེས།། ལྟ་བའི་དོན་ཀུན་སེ
175b6 འཆར།། དངོས་གྲུབ་རྣམ་གཉིས་ཆར་ལྟར་འབབ།། འདི་ཉིད་སུ་ཡིས་བྲིས་པ་དེ།། སངས་རྒྱས་ཀུན་གྱི་གསུང་ལ་རོལ།། ཚེ་འདིར་གདུང་དང་རིང་བསྲེལ་འབྱུང་།། གྱི་མེ་སྤྲུལ་པའི་སྐུ་རུ་འགྱུར།། རྒྱུད་འདི་གང་ན་གནས་པ་ན།། མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འདྲ།། ལྷ་དང་ལྷ་མོས་མཆོད་པར་བྱེད།། དེ་ཉེ་བུ་ཡི་རྒྱད
175b7 ཆེནང་དེ།། སེམས་དབང་རྡོརྗེ་ཁྱོད་ལ་གཏད།། གདུལ་བྱ་རེ་ལ་གསུངས་པའི་ཆོས།། ཁྱོད་ཀྱིས་ཀུན་ལཚིམ་པར་སྟོན།། གསང་སྔགས་ནང་ན་ཆེས་གསང་བ།། ཨ་ཏི་ཆེན་པོ་འདི་ཉིད་ནི།། ཐེག་དམན་སྣོད་ལ་བསྟེན་མོ་གྱི།། སྣོད་དང་བསྟན་ལ་གདན་ཕན་ལོང་།། འདས་པའི་ཡོན་ཏན་དགེ་བཀུན།། མ་འོངས




iiif viewer powered by OpenSeadragon

175a - 176a

Texts on this page

Gdg025.12 - chos thams cad kyi don ston pa rdzogs chen thig le nyag gcig ye nas bya rtsol bral ba