| | e-texts navigator
|
172a1 ནས།། ལུས་རྫོགས་མ་ཡི་མངལ་ནས་ཐོན།། དེ་ལྟར་གཟུགས་ནི་ཐ་དད་པར།། འཁོར་བ་ཉིད་དུ་འཁོར་བའོ།། དེ་ཡང་འཁོར་གྲགས་འདི་ལྟ་རྩ།། དགའ་ལྡན་ཅོད་ལྡན་མྱོང་ལྡན་དང་།། སྡུག་བསྔལ་བགྲས་ལྡན་སྡུག་བསྔལ་ཆ།། རྣམ་པ་དྲག
172a2 གམ་ཁམས་གསུམ་དུ།། མ་རིག་འཁྲུལ་པའི་ལས་དབང་གིས།། རེས་འཇོག་དག་ཏུ་འཁོར་བར་འགྱུར།། དེ་དག་རྗེས་སུ་འཛིན་པའི་ཕྱིར།། བཏགས་གྲོལ་གདམས་པ་གཅེས་པར་ཟུང་།། ཞེས་གསུངས་ནས་ལྷན་ནིར་བཞུགས་སོ།། ཐེག་པའི་ལྕི་ཕུང་ཀློང་ཆེན་རབ་འབྱམས
172a3 ཀྱི་རྒྱུད་ལས། སྲིད་པ་བར་དོའི་ལེའུ་སྟེ་ལྔ་བཅུ་པའོ།། །། ས་མ་ཡ། རྒྱ་རྒྱ་རྒྱ།། སྲིས་རྦ་རོ་བ་རེན་ཀེཿས་མནྟཿརྒྱ་རྒྱ་རྒྱཿསེམས་དཔའ་རྡོ་རྗེས་ཡང་ཞུས་པ།། ཀྱེ་ཧོ་སྟོན་པ་ཀུན་ཏུ་བཟང་།། བར་དོར་འཁྲུལ་གྱིས་དོགས་པ་ཡི།། སེམས་ཅན་རྗེས་སུ་གཟུང་བའི
172a4 གྱིར།། བཏགས་གྲོལ་གདམས་པ་གཟུང་ཞེས་པ།། སྔོན་ཆད་མ་གསུངས་གང་ལྟང་ལགས།། ཐུགས་རྗེ་ཅན་གྱིས་བཀའ་སྩོལ་ཅིག། སྟོན་པས་ལན་དུ་བཀའ་སྩལ་པ།། ཀྱེ་ཧོ་རིག་མདངས་འཁོར་རྣམས་ཉོན།། བཏགས་པས་གྲོལ་བའི་གདམས་པ་འདི།། འོན
172a5 དབང་པོ་མ་ཚར་ཅིང་།། རྒན་གཞོན་ཕོ་མོ་དགེ་སྡིག་མེད།། བག་ཆགས་བཟང་ངན་མེད་པ་རུ།། འདི་ཉིད་བཅངས་པས་སངས་རྒྱའོ།། རྔ་མ་དབུགས་ལ་སླེབ་ཀྱང་གྲོལ།། སངས་རྒྱས་གདུང་འཛིན་སྲས་གཅིག་ཡིན།། ཨེ་མ་འདི་འཛིན་སྐལ་བ་ཆེ།། འདི་ནི་རང་རྒྱང
172a6 ཆེན་པོའོ།། དེ་ཡི་འདྲི་ཟབས་བསྟན་པ་ནི།། གསེར་གྱི་རྡོ་རྗེ་རྩེ་ལྔ་པ།། ལྟེ་བར་སྐུ་གསུང་ཐུགས་ཡིག་བྲི།། ཨོཾ་ཨཱཿཧཱུ~ཾ། རདྲུག་དག་ལ་ཡི་གེ་དྲུག། དེརུ་ཡིག་དྲུག་བཀོད་པར་བྱ།། ཨ་ཥ་ཧ་ཤ་ས་མ། འཁོར་བ་དང་སྔགས་ཡིག་དྲུག་ཡིན།། ཡི་གེ་དྲུག་གི་དོན
172a7 རྟོགས་ན།། གསང་སྔགས་གསང་བའི་རྒྱུད་ཆེན་ཁྲོལ།། ཡིག་དྲུག་དོན་གནས་མྱ་ངན་འདའ།། ཐམས་ཅད་ཡི་གེ་དྲུག་པ་རྫོགས།། ཡིག་དྲུག་རིགས་དྲུག་དོང་ནས་སྲུག། འབྲུ་གསུམ་གྲུ་གསུམ་རངསར་གྲོལ།། ཆོས་ཉིད་རང་སྨེ་དག་པའི་ཚིག། བཏགས་གྲོལ
iiif viewer powered by OpenSeadragon
171b - 172b