| | e-texts navigator
|
171b1 སྤུན་གྲུབ་ཀ་དག་རང་གྲོལ་ལོ།། དབང་བ་དག་ག་བྱེ་བྲག་གིས།། རབ་ནི་སྐད་ཅིག་གསུམ་ལ་གྲོལ།། འབྲང་ན་སྐད་རྟག་ཉེར་གཅིག་གམ།། ཞག་པོ་ལྔ་ལ་གྲོལ་བར་འགྱུར།། ཐ་མ་སྤྲུལ་སྒྱུལ་ཞིང་ཁམས་སུ།། བར་དམེ་བྱར་སངས་རྒྱར།། རྫས་ཉིད་བར་དའ་འཆར་ཆུང་ན
171b2 ཅེས་གསུངས་ནས་ལྷན་ནེར་བཞུགས་སོ།། ཐེག་པའི་སྐྱི་གུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། ཆོས་ཉིད་བར་དེའི་ལེའུ་སྟེ་ཞེ་དགུ་པའོ།། །། ས་མ་ཡ། རྒྱ་རྒྱ་རྒྱ། ཐོབ་རྗེ་དང། རང་ན་རོཿགནེ་ལྔ་ཛགསཿསེམས་དཔའ་རྡོ་རྗེས་ཡང་ཞུས་པ།། བྱེ་ཧོ་སྟོན་པ་ཀུན་ཏུ་བཟང་།
171b3 ཉིད་པར་དེ་དེ་ལྟར་ན།། སྲིད་པ་བར་དེ་ཇི་ལྟ་བུ།། སྟོན་པས་གསན་ནས་བཀའ་སྩལ་པ།། ཨོཾ་ཧ་སེམས་དཔའ་རྡོ་རྗེ་ཉོན།། ཐ་མེད་ཐེག་མཆོག་འདིར་ཞུགས་ནས།། བརྩོན་འགྲུས་ཐ་མ་གཅིག་ཡིན་ཀྱང་།། སྲིང་བའི་པང་དོར་སྐང་ཙམ་ལས།། རྨི་ལ་མ་ས་དཔ་ལྟར་གྱུར་ནས།། འདི་ནས
171b4 སྤྲུལ་ལུའི་ཞིང་ཁམས་སུ།། དབུགས་དབྱུང་སྐྱེ་བ་གཅིག་གིས་ཐོགས།། དེ་ནས་མཐར་བྱིན་གྲོལ་བར་འགྱུར།། ཆོས་སྒྲ་འདི་ཉིད་མ་མཐོང་བའི།། གང་ཞིག་འགྲོ་བ་ཕལ་བ་རྣམས།། གོང་གི་ཆོས་ཉི་དབང་ངོ་ལ།། གདམས་པའི་གནད་མེ་དང་མ་ཤེས།། འོད་ལ་འཇིགས་ཤིང་ཟེར་ལ
171b5 དངངས།། ཀུན་ལ་རྟོག་པ་ཟོས་པ་ཡིས།། དབང་པོ་མར་ལ་ཁ་འཁྱལ་ནས།། སྲིད་པའི་བར་དོ་ཉིད་དུ་ཚུད།། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན།། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ།། རང་ལུས་མེད་ཀྱང་ཡོད་སྙམ་འཆར།། བྱ་གྲོ་རླུང་གིས་ཁྱེར་བ་བཞིན།། ཕྱད་གྱོད་ཡང་ཡུང་ཀུན
171b6 འཇུག། རིགས་དྲུག་གར་ལྕེ་ལས་ལ་སྤྱོད།། དེ་ལ་ཁྱད་པར་ཉི་ཤུ་སྟེ། གཟུགས་དང་། སྐྱེ་མཆེད་དང་། འོད་དང་། སྐྱེ་གནས། མགོ་དང་། ཚེ་ཚད། མངོན་ཤེས། སྣང་བ། ཁྱོད་ལམ། མིང་དང་། རྫུ་འཕྲུལ། ལས། ཁ་དོག། འཁོར་ཚུལ། ངེས་ཚིག་དང་། དགེ་སྡང་།། གར་གཏོགས།
171b7 མའི་ལས། ཉོན་མོངས་པ། དཔེ་དང་ཉི་ཤུའོ།། དེ་དུས་ལས་དབང་རྗེས་སུ་འབྲེང་།། ཆོས་ཉིད་མ་མཐོང་མ་རིག་ཅིང་།། རང་སྡང་དགྲ་རུ་ལངས་པ་རྣམས།། འཁོར་བ་མངལ་གྱི་སྒོར་ཚུད་ནས།། པ་དང་མ་ཡི་རྒྱ་ཆེན་ལས།། མེར་མེད་ནུང་ཕུང་པོར་གྱུར་ནས།། ཟླ་དགུ་ངོ་བཧུ་ལ་སོགས
iiif viewer powered by OpenSeadragon
171a - 172a