e-texts navigator
Collection
Volume
Page
Wylie

170a1 རྙིབ་ཏན་ཐོབ་པར་འགྱུར།། ཅེས་གསུངས་སོ།། ཟག་པའི་ལྕེ་ཕུད་སྲུང་ཅན་རབ་འབྱམས་ཀྱི་རྒྱུད་ལས། འཛི་བརྟག་པ་བསླ་བ་དང་། འཆི་བ་བར་ད་བསྟན་པ་ལ་ཝ།། ཞ་བརྒྱད་པ་ལ།། ། སམ་ཡ། མཎམ?། རྦམ་ཐཊ། ཆེས་ནཿསེམས་དཔའ
170a2 རྡོ་རྗེས་ཡང་ཞུས་པ།། ཀྱེ་ཧོ་འཆི་ཁའི་བར་དོ་དེ་ལྟར་ན།། ཆོས་ཉིད་པར་རྡོ་ཇི་ལྟར་ལགས།། སྟོན་པས་གསན་ནས་བཀའ་སྩལ་པ།། ཀྱེ་ཧོ་སེམས་དཔའ་རྡོ་རྗེ་ཉོན།། ཆོས་ཉིད་པར་དོ་ཞེས་བྱ་བ།། དེ་དུས་རླུང་གིས་རྣམ་ཤེས་ལ།། ཐིམ་པས་ནང་དབུགས་འཆང་བར་འགྱུར།
170a3 ཤེས་ནམ་མཁའ་ལ་ཐིམ་པས།། ལུས་དང་སེམས་ཀྱི་འབྲེལ་པ་ཆད།། དབུགས་ནི་བར་སྣང་ཁམས་སུ་ཡལ།། ལུས་པོ་བམ་པོ་ང་ལིངས་ཀྱིས་འགྲོ།། རིག་པ་མེ་སྟག་ཡལ་བ་ལྟར།། འོད་གསལ་ཆོས་ཉིད་ས་རུ་སླེབ།། ནམ་མཁའ་འོད་གསལ་ལ་ཐིམ་པས།། ཕྱི་ཡིས་རྡོ་རི་བྲག
170a4 འགག། ནང་དུ་འོད་གསལ་ཆོས་ཉིད་འཆར།། སྔར་གྱི་ལུས་ཀྱི་བག་ཆགས་ཀྱིས།། རྡོས་བཅས་ལུས་འདི་མི་སྣད་ཀྱང་།། ཡོད་དོ་སྙམ་པའི་ཤེས་པ་འཟུང་།། སྟེང་འོག་ཕྱོགས་མཚམས་མ་ལུས་ཀུན།། བར་མཚམས་མེད་པ་འོད་ལྡེའི་ཞིང་།། ཕྱི་ནས་བལྟས་པས་ནང་ཡང
170a5 གསལ།། ནང་ནས་བལྟས་པས་ཕྱི་ཡང་གསལ།། ལྟེ་མ་ལྟེ་མ་བཞིན་ནམ་མེར་མེར་བཞིན།། མནན་ན་ནེམ་ནེམ་བྱེད་པ་སྙམ།། བཏེགས་ན་འཕར་པར་སྙམ་པ་དང་།། ཤིན་ཏུ་ཡིད་དུ་འོང་བ་དང་།། ཁ་དོག་ལྔ་རུ་གསལ་བ་དང་།། འཕྲ་བ་འགུལ་བ་འགྲིག་པ་དང་།། གསལ
170a6 ལྷན་སྡུག་གཟི་བརྗིད་འཕྲོ།། རྒྱ་ཆེ་ཁོག་ཡངས་དབངས་མཐོ་བ།། རྩེ་མོ་ཡངས་པ་ཞེས་བྱ་སྟེ།། བྱས་པ་མེད་པར་རབ་བྱུང་བཞུགས།། དེ་ཚེ་དུས་གནད་གསུམ་ཡིན་ཏེ།། འཇུག་པ་ཤེས་པའི་གནད་དང་ནི།། གྲོལ་བ་ལུས་ཀྱི་གནད་དག་དང་།། མཐར་ཕྱིན་རང་ངོ་ཤེས་པའི་གནད
170a7 འཇུག་པ་ལ་ཡང་དུས་གཉིས་ཏེ།། རིག་པ་འོད་ལ་འཇུག་པ་དང་།། འོད་ནི་རིག་པར་འཇུག་པའོ།། རིག་པ་འོད་ལ་པར་འདུག་པ།། གང་གི་འོད་སྣང་དེ་དག་ནི།། སྐུ་ཡི་སྣང་བར་འཆར་བ་སྟེ།། དཔག་མེད་གྲངས་ལས་འདས་པ་ལ།། སེམས་དཔའ་དང་ནི་སེམས་མར་བཅས།།




iiif viewer powered by OpenSeadragon

169b - 170b

Texts on this page

Gdg025.12 - chos thams cad kyi don ston pa rdzogs chen thig le nyag gcig ye nas bya rtsol bral ba