e-texts navigator
Collection
Volume
Page
Wylie

169b1 འཁྲུལ་བ་ཞིག་པ་ཡིན།། འཁྲུལ་པ་ཞིག་ན་སངས་རྒྱས་ཡིན།། སྐད་ཅག་ད་ཡིས་གྲོལ་བར་འགྱུར།། གསང་བའི་འཆི་བ་བསླུ་བ་འདས།། བདུད་ལས་རྒྱལ་ནས་བརྒྱའོ།། དུས་ལ་བབ་སྟེམ་བཟློག་ན།། སྐྱེས་བུའི་ལུས་ལ་ནང་བཏབ་ནས།། རྟགས
169b2 ལ་བྱུང་བ་དེ།། འཆི་བའི་དུས་ནི་ངེས་པ་ཡིན།། ས་ནི་ས་ལ་ཐིམ་པ་ན།། ལུས་ནི་ལྕི་ཞིང་ཟས་མི་ལེན།། ལངས་འདུག་འགྲོ་བའི་སྟོབས་ཀུན་ཟད།། ཆུ་ནི་ཆུ་ལ་ཐིམ་པའི་ཚེ།། ཁ་ཆུ་སྣ་ཆུ་འཛག་པར་བྱེད།། དེ་བཞིན་མེ་ལ་མོ་ཐིམ་པས།། ཥ་སྣ་དག་ནི
169b3 རབ་ཏུ་སྐམ།། ལུས་ཀྱི་མཐའ་ཡི་དྲོད་རྣམས་འཚེར།། དེ་བཞིན་རླུང་ལ་རླུང་ཐིམ་པས།། དབུགས་ནི་ངར་ངར་ཡན་ལག་གཡོབ།། མིག་ཀྱང་གྱེན་ལ་བཟློག་པའོ།། རྟགས་འདི་སུ་ལ་བྱུང་པ་དེ།། འདི་ལ་མི་གནས་ཕ་རོལ་ཏུ།། ངེས་པ་རུ་ནི་འགྲོ་བས་ན།། དེ
169b4 ཚེ་བླ་མའི་གདམས་ངག་རྣམས།། རང་གི་རྒྱུད་ལ་འདྲིས་པར་བྱ།། དོན་འདི་རྣམས་ཀྱིས་གསལ་ཡང་གདབ།། གལ་ཏེ་དེ་དག་མི་གསལ་ན།། རང་གི་བླ་མ་བཞུགས་ན་རབ།། བླ་མ་མེད་ན་རྡོ་རྗེའི་སྤུན།། ལྟ་སྤྱོད་མཐུན་ཅིང་དམ་གཙང་བས།། ཤེས་པ་གས་པ
169b5 ཡང་གདབ་པར་བྱ།། གལ་ཏེ་གྱི་དབུགས་ཆད་ན་ནི།། རླུང་སྦྱང་འཕོ་བའི་གནད་བྱས་ཏེ།། གདམས་པ་བཏབ་པས་ངེས་པར་ཐེབས།། གདམས་པའི་གནད་ནི་འདི་ལྟར་གདབ།། ཕུང་པོ་སེང་གེའི་ཉལ་ལུགས་བཅོས།། རེག་པ་ཉིད་ནི་མིག་ལ་གཏད།།
169b6 ཡིད་དང་ཤེས་པ་པར་སྣང་ལ།། དབྱིངས་དང་རིག་པ་མི་འགྱུར་གཏད།། ས་ལ་ཧྲི་གེ་སང་དེ་བཞག། སྒྲ་རྣམས་ཐམས་ཅད་རང་གི་སྒྲ།། འོད་ཟེར་ཐམས་ཅད་རང་གི་འོད།། སྣང་བ་ཐམས་ཅད་རང་སྣང་ངོ་།། གསལ་སྟོང་འཛིན་པ་མེད་པའོ།། དབྱིངས་དང
169b7 རིག་པ་མ་འགྱུར་ན།། མེ་བར་དེ་མེད་པར་འགྱུར།། གལ་ཏེ་དབྱིངས་ཉིད་མ་གསལ་ན།། རྣམས་པར་ར་འའོད་སྲུང་རྣམས།། ཡང་ཡང་སྐྱ་བར་ཁ་གཏད་བཤད།། བཏགས་གྲོལ་བྱུང་དང་གདམས་པ་རྣམས།། ནཻ་བར་སྤུ་བུ་བརྟག་ལ་བཤད།།




iiif viewer powered by OpenSeadragon

169a - 170a

Texts on this page

Gdg025.12 - chos thams cad kyi don ston pa rdzogs chen thig le nyag gcig ye nas bya rtsol bral ba