| | e-texts navigator
|
167b1 སརྫོབ་མ་སྟེ། རྒྱ་ཆུ་ཀྱ། སེམས་དཔའ་རྡོ་རྗེས་ཡང་ཞུས་པ།། ཀྱེ་ཧ་སྟོན་པ་ཀུན་ཏུ་བཟང་།། གོང་ལྟར་གདམས་པ་བསྟན་ན་ཡང་།། སྣང་བ་བཞི་པོ་མརྫོགས་ཤིང་།། གལ་ཏེ་གདམས་པའི་གནང་ཡོད་ཀྱང་།། ཟླ་བ་ལ་ལོས་གཡངས་པ་རྣམས།
167b2 ཉམས་སུ་ལེན་ལོང་མེད་པ་རུ།། བར་ཆད་རྐྱེན་གྱིས་འཆིབ་ན།། འདི་ལ་འཆི་རྟགས་བསླུ་བའི་ཐབས།། བར་དོའི་གདམས་པ་བསྟན་དུ་གསོལ།། གསན་དགོངས་སྟོན་པས་བཀའ་སྩལ་བ།། ཀྱེ་ཧོ་སེམས་དཔའ་རྡོ་རྗེ་ཉོན།། བར་ངོ་ཞེས་བྱ་ཆོས་སྐྱེ
167b3 འདི་རུ་ཆོས་ཀུན་མ་འདུས་མེད།། དེ་ལ་བར་དོའི་དབྱེ་བ་དང་།། ཆོས་ཉིད་ས་མཚམས་སྣང་ལུགས་སོ།། དེ་ལ་དགྱེ་བ་བཞི་ཡིན་ཏེ།། དང་པོ་རྩེ་གནས་པར་དོ་དང་།། འཚོ་ཁ་སྡུག་བསྔལ་བར་དོ་དང་།། ཆོས་ཉིད་ཞི་གོའ་བར་ངོ་དང་།། སྲིད་པར་འཁྱམས
167b4 དེའོ།། གཉིས་པ་ཆོས་ཉིད་བར་དོ་ནི།། རང་ལུས་འདོམ་གང་གྲུ་བཞི་འདི།། ཁམས་རྣམས་དང་ནི་ཕུང་པོ་དང་།། སྐྱེ་མཆེད་རྣམས་དང་དབང་པོ་དང་།། ཡུལ་དང་ཡུལ་ཅན་ཉོན་མོངས་རྣམས།། ཇི་ལྟར་གནས་པ་གཏན་ལ་དབབ།། འདི་དག་ཤེས་པའི་རྣལ
167b5 འབྱོར་པས།། སྣང་བ་ཐམས་ཅད་དབང་མྱུར་ནུས།། ཁམས་ལ་རྣམ་པ་གཉིས་ཡིན་ཏེ།། ཡུལ་གྱིས་བཀྲུས་པ་ཀྱི་ཡི་ཁམས།། སེམས་ཀྱིས་བསྡུས་པ་ནང་གི་ཁམས།། ཁམས་ཀྱི་རྣམ་པ་དེ་དག་ཀྱང་།། ཡུལ་ཀུན་འཛིན་པ་འཁྲུལ་པའོ།། ཕུང་པོ་རྟོག་པ་དང
167b6 བཅས་པ།། དངོས་པོ་ཐམས་ཅད་གཅིག་ཏུ་སྡུད།། རྟོག་པ་མེད་པའི་ཕུང་པོ་འདི།། བསམ་གཏན་གཅིག་འདུས་ཏིང་འཛིན་ནི།། སྐྱེ་མཆེད་གཟུང་འཛིན་གཉིས་ཡིན་ཏེ།། གཟུང་བའི་སྐྱེ་མཆེད་བཅུ་གཉིས་དང་།། འཛིན་པའི་སྐྱེ་མཆེད་བཅུ་གཉིས་སོ།། དང
167b7 གཟུགས་ཀྱི་ཆ་འཛིན་དང་།། ཤེས་རབ་ཆ་འཛིན་དབང་པོའོ།། ཡུལ་པ་དངོས་པོའི་ཡུལ་དང་ནི།། དངོས་པོ་མེད་པའི་ཡུལ་གཉིས་སོ།། ཡུལ་ཅན་ཐམས་ཅད་རྣམ་པར་དག། དག་ཅེས་བྱ་བ་ཆོས་ཟད་དོ།། ཉོན་མོངས་པ་ནི་དྲུག་ཡིན་ཏེ།། མ་རིག་ག
iiif viewer powered by OpenSeadragon
167a - 168a