| | e-texts navigator
|
166a1 དྷུ་བའི་སྐུན་བཞིན་དག་ཙུན་ཆད་མེད།། རྡོ་ཀུ་ཁྲུའི་ཏིང་འཛིན་འཕོ་འགྱུར་མེད།། དབང་བ་ནི་ཏུལ་རིམ་དང་ག་ཆ་དང་།། ཉམས་སུ་བླངས་པས་སྒོམ་པའི་བྱ་ཐག་ཅན།། ཀུན་པཟང་ཐགས་ཀློང་ནས་བཀྲོལ་ཞིང་བརྟན།། སྦྱོ
166a2 ཡངས་ཁྱབ་གདལ་ཆེན་པོའོ།། ཐེག་པའི་ལྕེ་ཕུང་ཀློང་ཆེན་ཡངས་པའི་ཚུད་ཆེན་ལས།། སྒོམ་པའི་དོན་ཀློང་ནས་བཀྲོལ་བའི་ལེའུ་སྟེ་ཞེ་བཞི་པའོ།། ། ས་མ་ཡ། རྒྱ་རྒྱ་ཆ། རྩེངས་ཆེན། ཁོན་ནདེ་ནས་སེམས་དཔའ་རྡོ་རྗེ་རྩལ་གྱིས་གསོལ།
166a3 བའི་རྒྱ་མཚོ་ཀུན་ཏུ་བཟང་།། ཆོས་དབྱིངས་དག་པའི་ཡེ་ཀློང་ཆེན་པོ་ལ།། བྱ་དང་མི་བྱ་ལུས་ངག་ཁྱོད་པའི་དོན།། བྱར་མེད་ལྐུག་པའི་དོན་ཉིད་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལྟ་བ་ཡི་ཀློང་ཆེན་པོའི་དོན་རྟོགས་ནས།། ཇི་བཞིན་བསྒོམ་པའི
166a4 ངང་ལ་གནས་གྱུར་པས།། ལུས་ངག་ཡིད་ཀྱི་སྤྱོད་པ་ཀུན་བཟང་ཀློང་།། ཡངས་པ་ཆེན་པོ་བྱ་བཙལ་ཀུན་བྲལ་ཀྱང་།། ལྟ་བའི་རྩིས་ཟིན་ཁྱད་ན་ཀུན་ཀྱང་བཟང་།། དབྱིངས་དང་ཡེ་ཤེས་ངང་ལས་མ་གཡོས་ཀྱང་།། ཐབས་མཁས་ཞུགས་རྗེའི་མཛད་སྤྱོད་བསམ་མི་བྱང་།།
166a5 སྤྱོད་པ་ཇི་སྙེད་བསམ་ཡས་དེ་སྙེད་ཀུན།། ཐབས་ཀྱིས་ཀུན་སྐྱོད་གདེང་གིས་ཟིན་པར་སྦྱང་།། ཆེད་དུ་གྱུར་མེད་དོན་ལ་བཀག་མེད་ཀྱང་།། བྱ་བ་མེད་པས་གྲོལ་པ་གྲོལ་བར་བྱ།། ཀུན་འཁོལ་བུན་སྤྱོད་བདག་ཉིད་ཆེན་པོར་ཁྱད།། འདི་ལ་བཏུལ་ཞུགས་ལ་སོགས
166a6 སྔགས་རྣམས་མེད།། བྱ་བ་མེད་པས་ལས་རྣམས་ཀུན་ཀྱང་བྲལ།། ལྷན་གྲུབ་བླང་དོར་མེད་དེ་དང་བྱེང་སློང་།། སྨོད་པ་རྩེ་མཚོན་མ་པར་དུགཅིད་ཅིང་།། དུས་དང་རྣམ་པ་ཀུན་ཏུ་ཞུགས་ཀྱ་དུད།། ཡངའི་སྤྱོད་པ་ལ་སོགས་རྐྱེན་ཀྱང་སྤངས།། ཚོད་དུ་ཀྱང་མེད་དོན
166a7 མ་བཀག་ཀྱང་།། འགལ་བའི་སྤྱོད་པ་ཀུན་བྱེད་རྣམ་པར་སྤངས།། སྐྱོན་པ་ལྟ་བུའི་བརྟུལ་ཞུགས་རབ་སྤང་ཞིང་།། ལུས་ངག་ཡིད་ཀྱི་སྤྱོད་བཅོལ་དང་བྲལ།། ཀྱང་འགྲོད་སྤྱོད་པས་འཆར་འགྱུར་ཅི་ཁྱེར་ཡོད།། འོན་ཀྱང་དགེ་བའི་ཆོས་སྤྱོད་བྲན་ལ་ཡང་།
iiif viewer powered by OpenSeadragon
165b - 166b