e-texts navigator
Collection
Volume
Page
Wylie

165b1 བར།། དེ་ནས་ཡང་སེམས་དཔའ་རྔ་རྔ་རྩ་ལ་རྒྱས་གསལ་བ།། ཀུན་ཏུ་དབང་པོར་ར་འབྱམས་སྤང་ཅན་ཡངས།། ཡེ་ནས་དངས་པ་གཞ་ཉིད་དག་པ་ལ།། མུས་དངས་བསྒོས་པ་སྤྱད་ཅན་ལས་གྲོལ།། སྐོས་པ་འཛིན་ཏད་ཐོང་ནས་དཀྲོ་ཇུགསལ།། བླ
165b2 པའི་ལན་དུ་སྟོན་པས་བཀའ་སྩལ་པ།། དེ་ཉིད་དོན་རྟོགས་ཀློང་ནས་ཀུན་ཀྱང་གསལ།། སྒོམ་དང་མི་བསྒོམ་ཐ་སྙད་ཀུན་དང་བྲལ།། རང་བཞིན་འོད་གསལ་ངང་གིས་མ་གཡོས་ཀྱང་།། རང་སེམས་དྲི་མེད་འོད་གསལ་སྙིང་པོའི་དོན།། མ་ནོར་མ་བཅོས་སྤོས་དང་བྲལ།
165b3 བློ་ཡི་བཞག་ཐབས་ཇི་བཞིན་ཉིད་དུ་བདེ།། ཟབ་མོ་བློང་ཡངས་འཁྱིལ་པའི་དོན་ཉིད་ལ།། བྱིང་རྨུགས་རྒོད་དང་འགྲོ་བ་ཀུན་སྤངས་ཤིང་།། སྤར་མེད་ཀློང་དུ་བསྟིམ་པའི་རྣལ་འགྱེར་བས།། མཚོན་དང་མ་མཚོན་མེད་པའི་ཐག་ཚད་དེ།། སྒོམ་དང་བསྒོམ་པར་བྱབ་མ
165b4 རྙེད་པས།། བྱིང་རྒོད་རྣམ་རྟོག་དགྲ་པོ་གསང་མི་དགོས།། རྟོག་པའི་ཀློང་དུ་འདྲེས་པ་སྒོམ་པའི་མཆོག། སྒོམ་པ་ཀློང་དུ་གྱུར་བ་ཕ་རོལ་གྱི་ན།། རྣམ་པར་མི་རྟོག་རྟོག་པའི་ཡུལ་ལས་འདས།། གཟུང་དང་འཛིན་སྤངས་བྱང་ཆུབ་སེམས་ཉིད་དོན།། ཇི་བཞིན་གཏན་པ
165b5 བབ་ལ་མཉམ་པར་བཞག། ཡུལ་གྱིས་མི་འཕྲོག་མ་བཅོས་ལྷག་པ་དེ།། སྒོམ་པའི་ངོ་བོ་ཉམས་སུ་མྱོང་བའི་དཔེ།། ལུས་ངག་སེམས་ཀྱི་སྡུག་བསྔལ་ལས་གྲོལ་ཞིང་།། བྱང་ཆུབ་སེམས་ཀྱི་སྒོམ་པའི་དོན་རྟོགས་ན།། ཐོད་རྟགས་ཚེ་འཁྲུལ་ཀུན་ཀྱང་ཤུགས་ལས་འབྱུང་།
165b6 གོལ་སྒྲིབ་མ་སྤངས་རང་སར་དག་འགྱུར་ཞིང་།། ཀློང་ཚོན་རབ་འབྱམས་ཀློང་དུ་གྱུར་པའི་ཚེ།། དེ་ཉིད་རྒྱལ་བ་ཀུན་དང་རབ་མཉམ་ཞིང་།། བདེ་གཤེགས་སྐུ་གསུང་ཐུགས་དང་མཉམ་པར་འགྱུར།། ཐང་སེམས་དྲང་པོ་དགནས་དང་བརྟན་ཅིང་གོམས།། དེ་ཉིད་རྫོག
165b7 དབྱུང་བསྒོམ་པར་བྱ་བ་དང་།། མཁའ་ལ་ཉི་ཤར་ཇི་བཞིན་གསང་བ་སྟེ།། སྣང་བའི་ཐུག་ཕྲད་གང་གང་དེ་དེ་ཉིད།། གཟུང་འཛིན་མཚན་མ་རང་གྲོལ་ཤེས་པར་བྱ།། སེམས་ཉིད་ཅོག་བཞག་དྲན་མེད་རང་སར་བཞག། རྒྱ་མཚོ་བཞིན་དུ་རབ་ཟབ་གཡོ་འཕྲུལ་མེད།།




iiif viewer powered by OpenSeadragon

165a - 166a

Texts on this page

Gdg025.12 - chos thams cad kyi don ston pa rdzogs chen thig le nyag gcig ye nas bya rtsol bral ba