| | e-texts navigator
|
14b1 འགྲི་བ་མེད་པའི་དོན་ཤེས་བྱར།། རང་བྱུང་བདེ་བའི་ལྟ་བ་ལ།། མཉམ་ཉིད་རིག་པས་ཟིལ་གྱིས་མནན།། རྒོད་པ་མི་རྟོག་བདུད་བྱུང་ན།། སྣང་བ་བག་ཆགས་བརྟས་པ་ལ།། རང་རིག་བག་ཆགས་མེད་པའི་ཕྱིར།། སྲང་སྐད་ཞེན་མེད་ཟིལ་གྱིས་མནན།།
14b2 དམིག་པོའི་བདུད་བྱུང་ན།། ལེ་ནས་མི་གཡོའི་དང་བྱུང་ལ།། གོམས་པའི་དབང་གིས་ཏིང་འཛིན་གསལ།། མི་བརྗེད་གཟུངས་ཀྱིས་ཟིལ་གྱིས་མནན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལྷ་སྒོམ་བདུད་ནི་དེ་དག་དང་། རང་བྱུང་ཆོས་སུའི་དོན་རྟོགས་པས།། ག
14b3 བྱུང་ཟིལ་གནོན་རང་བརླག་པས།། འབྲས་བུ་ཡེ་ཤེས་སྤུན་གྱིས་གྲུབ།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ལྷ་སྒོམ་གྱི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ་ཉེར་གཉིས་པའོ།། ། དཡང་རྡོ་རྗེ་སེམས་དཔའ
14b4 ཉོན།། དེ་ཡི་དང་ལ་གནས་པའི་ཚེ།། འདུ་འཛི་ལོངས་སྤྱོད་བདུད་བྱུང་ན།། ཏིང་འཛིན་དགྲ་རུ་ཤེས་པའི་ཕྱིར།། འདོད་ཆུང་ཆོག་ཤེས་ཟིལ་གྱིས་མནན།། ཞེན་པ་གནས་ཀྱི་བདུད་བྱུང་ན།། ཡུལ་ལ་ངེས་མེད་མ་ཆགས་པས།། ལྟ་བ་དང་རིག་ཡུལ་མེད་ཕྱིར།།
14b5 ཞེན་པ་མེད་པའི་ཟིལ་གྱིས་མནན།། ཡོན་ཏན་གཡེང་བའི་བརྒྱད་བྱུང་ན།། བདག་དོན་མ་འགྲུབ་པར་དུ་ཡང་།། མི་དབང་མི་གཏང་དོན་དྲན་པས།། གཞན་དོན་མ་རྒྱ་ཟིལ་གྱིས་མནན།། འཁོར་ངན་སེམས་འཁྲུགས་བདུད་བྱུང་ན།། མཐར་ཐུག
14b6 འབྲེལ་བ་མེད་པའི་ཕྱིར།། གནས་སྐབས་འབྲེལ་པ་ཏིང་འཛིན་དགྲ།། གདུང་སེམས་བསྒྱངས་ལ་ཟིལ་གྱིས་མནན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཟིལ་གྱིས་མནན་ཐབས་དེ་དག་ཀྱང་།། སྤང་ལེན་དགག་གྲུབ་མེད་པར་དགོས།། དེས་དོན་སྤྱོད་པ
14b7 གཅིག་གི་དང་།། དེ་ཕྱིར་འབྲས་བུ་ལྷུན་གྱིས་གྲུབ།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རིང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས།། སྤྱོད་པའི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ་ཉེར་གསུམ་པའོ།། ། ད་ཡང་འདུས་པའི་སྙིང་པོ་ཉོན།
iiif viewer powered by OpenSeadragon
14a - 15a