e-texts navigator
Collection
Volume
Page
Wylie

14a1 ཟུག་སྤང་ཀྱུར་སློ་བཏགས་ཏེ།། མཆོག་པ་པ་ནན།། དམྱལ་བདུད་ན་ཡོང་གྲགས།། བཀ་ནདུན་མ་འོགའབྱུད།། ནས་ང་ཀྱང་བྱས་རྒྱ་ཆུད། དབྱོར་བདུད་བསྐུས་དམྱལ་བ་ཏུག
14a2 དཱ་ཡང་འདས་པའི་སྙིང་པོ་ད།། བདུད་ཀྱི་སྐྱོང་ཡུལ་བཅོ་བ་རྒྱད་ཀྱང་། བ་པ་ཡིནཏེ།། ན་བ་དྲུག་ཙུག་པ་ཡིན། དཀྱིར་བ་དུ་ཡིན་པའི་བདུ།། རྫོགས་པ་ཆེན་པོ་རྒྱད་བྱུང་དོན་གྱི་སྟོང་བར་བྱུང་བདེ་བའི་འཁོར་ལོ་གྱུད་ལས
14a3 ཀྱི་བདུད་བསྟན་པའི་ལེའུ་སྟེ་ཉེ་གཅིག་པའོ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ལྷ་སྐེམ་སྤྱོད་པ་ཉམས་ཀྱི་བདུད།། དེ་དག་ཟིལ་གྱིས་དྲི་ལྟར་མནན།། ཀུན་རིག་ཎྜཱིལ་པོས་བཤད་དུ་གསོལ།། ཞུས་པས་དོ་གས་ན་བཀའ་སྩལ
14a4 པ།། གྱི་ནང་ཆོས་ཀུན་རང་བྱུང་སྲ།། བདྨད་ཉིད་རྟོགས་ན་ཆོས་ཉིད་དང་།། དེ་ཕྱིར་ལུང་ལྡན་པ་ལ་ཞུས།། རང་སེམས་རྟོགས་ན་བདུད་མེད་དོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མནོར་དོན་ལ་བསྒོམས་པའིཿ།། སྡང་བ་འོད་ཀྱི་བདུད་བྱུང་ན།། ཆོས
14a5 སྲུ་ཁ་དོག་བྲལ་བའི་ཕྱིར།། གསལ་ལ་མི་ནྟོ་ག་ཟིལ་གྱིས་མནན།། ཐག་པ་དགྲ་ཡི་བདུད་བྱུང་ནི།། ཆོས་ཉིད་སྒྲ་དང་བྲལ་བའི་ཕྱིར།། རྗེས་སུ་འབྲལ་མེད་རང་བཞིན་ནི།། ལྟ་བའི་རིག་པས་ཟིལ་གྱིས་མནན།། འཇིགས་པ་གཟུགས་ཀྱི་བདུད་ཞུགས་ན།
14a6 གཞི་ལ་སྣང་བ་མེད་པའི་ཕྱིར།། ལྟོས་མེད་རྟོགས་པའི་ཤེས་རབ་ཀྱིས།། གཟུགས་ཅན་མཚན་མཟིལ་གྱིས་མ་ནཱན། བསླུ་བརྫུན་གྱི་བདུད་བྱུང་ན།། ཆོས་ཉིད་ཚི་ག་ལས་འདས་པའི་ཕྱིར།། བདེན་པར་འཛིན་པའི་སྐྱོན་བྲལ་བས།། བདེན་པར་འཛིན
14a7 མེད་ཟིལ་ཀྱིས་མནན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱིང་བ་གསལ་བའི་བདུད་བྱུང་ན།། ཉིད་གསུམ་གཅིག་པའི་མནང་གགིས།། གཏི་མུག་ཆོས་སྲུར་རང་བྲིམ་པས།། ཡེ་ནས་ལྷ་བ་ཟིལ་གྱིས་མནིན།། རྡུགས་པ་བདེ་བའི་བདུད་བྱུང་ན།། འདིས




iiif viewer powered by OpenSeadragon

13b - 14b

Texts on this page

Gdg025.1 - rdzogs pa chen po rmad byung don gyi snying po/ /rang byung bde ba'i 'khor lo'i rgyud