| | e-texts navigator
|
13a1 མ་ཛེས་པ་བཅན་རྣམ་པ་འདུན་པ་གས་བས་བཟླས།། ལ་གརྟེན་པ་ལ་ཁ་སན་བྱག།། འདུག་བདང་ཀྱིས་དང་བ་ས་དྲུང་།། དབང་ངརྔས་མས་དཔ་ནན།། དང་འབྲད་པ་ལ་གནས་པ་ནི།། ངབ
13a2 ཤིས་འདྲེ་མོད་ལྷ་གཉེན་ཡོད།། རང་བསྟོད་ཞེན་པའི་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་ཉམས་དགའ་བརྩིབ།། སྲུང་མས་གཞན་དུ་འགྲོ་བང་མེད།། ཟེར་ཞིང་བདག་རྟོགས་དོན་དང་བྲལ།། རང་སེམས་གཞན་པས་བཅུད་དུ་ལུངས།། གནས
13a3 བདུད་ཀྱིས་རང་བཀྲུས་ལྷུང་།། ད་ཡང་འདུས་པའི་འཁོར་རྣམས་ཉོན།། རྣལ་འབྱོར་མཁས་པས་བསྒོམ་འདོད་ལ།། གཡེང་བའི་བདུད་ནི་ཁོང་ཞུགས་ཏེ།། གཞན་གྱིས་བསྟོད་པས་ཏིང་འཛིན་བཏང་།། ཆོས་འཆད་སྨན་དང་བཟོ་རྣམས་བྱེད།། འདོད་པའི་རྫས
13a4 ལ་ཞེན་པ་སྐྱེས།། གཞན་དོན་བྱང་ཆུབ་ཡིན་ཟེར་ནས།། བྱ་བའི་གཡེང་བ་ཆེད་དུ་བྱེད།། དོན་དང་བྲལ་བས་རང་བསླུས་ལྷུང་།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་འཁོར་ངན་གདུང་དྲགས་པས།། སེམས་འཁྲུགས་བདུད་ནི་ཁོར་ཞུགས་ཏེ།། འཇོད
13a5 ངན་ཆོག་ཤེས་མེད་པར་འདོད།། དྲིན་དུ་མི་ཚོར་ཕྱུར་ཁ་གཏང་།། དེ་ཚེད་ད་ལོག་མི་རྣམས་འཕྱ།། སྒོ་སྦྱར་འདེབས་ལ་ཞེ་སྡང་འབྱུང་།། འཁོར་ངན་བདུད་ཀྱིས་རང་བསྐུས་ལྷུང་།། ང་ཡང་འདུས་པའི་སྙིང་པོ་ཉོན།། སྤྱོད་པའི་བདུད་ནི་དེ་དག་དང་།། འཇིག་རྟེན
13a6 ཆོས་བརྒྱད་ཞེན་ལས་འབྱུང་།། དེ་ཕྱིར་གཡེང་བའི་དོན་དུ་གཉེར།། འཁོར་བ་དང་བླང་རང་བསྐྱས་ཕུང་།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མྱོད་པའི་བདུད་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། ། ད་ཡང
13a7 འདུས་པའི་འཁོར་རྣམས་ཉོན།། འཇིག་རྟེན་མཁའ་འགྲོ་ལུང་བསྟན་བདུད།། ཉམས་སུ་རྐྱོང་བཞེན་པའི་བདུད།། ཞེ་འདོད་ཚུལ་འཆོས་བདུད་དང་ནི།། སྒོམ་ཆགས་པ་དེ་བསོགས་འདོན་བདུད།། གདེང་མེད་སྲུང་འདེབས་ནི་སྡང་བདུད།། དམྱལ་སྤྲོ་འད་།
iiif viewer powered by OpenSeadragon
12b - 13b