| | e-texts navigator
|
11b1 འབྱུང་།། གཞན་དུ་མི་འགྱུར་ཀླུངས་གནས་པས།། མི་མཐུན་མཚོན་མ་གང་ཡང་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དབྱིངས་དང་མཚན་མ་ཐམས་ཅད་ཀུན།། གཞིལ་མ་གྲུབ་དོན་ཤེས་ཕྱིར།། རང་གསལ་ཡུལ་ལ་རྟོག་པ་མེད།། དག་དང་མ་དག
11b2 ཅད་ཀུན།། གང་ཡང་དགག་སྒྲུབ་མེད་པའི་ཕྱིར།། བཞག་དང་ལོངས་པར་ཡེངས་མེད་དོན།། འབྱུང་འཇུག་མེད་པས་བསྒོམ་མི་དགོས།། རྩོལ་བ་མེད་ཕྱིར་སྤྱོད་པའི་མཆོག། ད་ཡང་འདུས་པའི་སྙིང་པོ་ཉོན།། བདག་གཞན་ཀནས་མ་ཐུ
11b3 བྱེད་མ་ལུས་ཐམས་ཅད་ཀུན།། འགྲོ་དྲུག་ལས་དང་བདེ་གཤེགས་མཛོད།། ཅི་སྤྱོད་ཆོས་གྲུར་ཡེ་གནས་པས།། གང་ཡང་མཚན་ཉིད་དབྱེར་མེད་དེ།། བྱེད་པ་ཉིད་ན་གྲོལ་བར་ངེས།། བླང་དང་དོར་དབ་དང་གིས་མེད།། དེ་ཡིས་འཆིང་བདག་ལ་འགྱུར།། རྫོགས
11b4 ང་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་ཐུགས་རྟོག་བསལ་བའི་ལེའུ་སྟེ་བཅུ་བདུན་པའོ།། ། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། ཏིང་འཛིན་ཉམས་དང་ལྡན་པ་ལ།། ནམ་སྤྱོད་པ་ཉམ
11b5 མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསུན་ནས།། འདུས་པའི་འཁོར་ལ་བཀང་སྩལ་པ།། མཉམ་བཞག་རྗེས་ཐོབ་པར་དོ་ལ།། སྣང་བ་འོད་དང་གྲག་པ་ངྒ།། འཇིགས་པའི་གཟུགས་དང་བསྲུ་བ་བརྗེད།། ལྷ་བྲང་ཤེས་དངས་པའི་ལ
11b6 ད་ཡང་འདུས་པའི་སྙིང་པོ་ཉོན།། རྣལ་འབྱོར་དམ་པས་མཉམ་བཞག་ཚེ།། མཚན་མོ་མུན་ནག་སྤྲིན་རུམ་ནས།། ནམ་ལངས་ཉི་ཤར་ཤིན་ཏུ་གསལ།། ཁམས་གསུམ་སེམས་ཅན་དགེ་སྡིག་ལས།། གང་ཡང་མ་ལུས་ས་ཀྱི་ཤེས།། རྡོརྗེ་སྙིང་རྗེའི་བདུད་ལུག
11b7 སེམས་ཅན་སྙིང་རྗེའི་གདུང་བ་རྩེ།། ཏིང་འཛིན་བཏང་ནས་གཞན་དོན་རྩོམ།། དེ་ཕྱིར་བདུད་ཀྱི་དེའང་འགྱུར་ལུང་།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ནམ་མཁའ་སྟོང་ལ་དགྲ་བྱུང་ནའ།། འདི་གཤེགས་ཆོས་རྣམས་སྣ་ཚོགས་སྟོན།། ནི་འམ
iiif viewer powered by OpenSeadragon
11a - 12a