| | e-texts navigator
|
11a1 བསྱཱ་།། མན་ག་གས་པ་ནས་། རྒྱུན་ཏུགས་སན་ཏུད་དུག་ས།། ན་བྱ་མཚན་པས། འས་།། ད
11a2 ཐབས་པཞིན་དུ།། སེམས་མིན་མི་འད་ཀྱི་མྱིག་ལྟར།། ད་ཡང་འདུས་པའི་སྙིང་པོ་སྟོན།། མིག་རྗེས་སུ་ཁྱབ་པའི་ཕྱིར།། དེ་བཞིན་ཉིད་དུ་ང་ཤིར་བས།། གང་ཡང་དམ་པར་མི་ལྟབས།། ཁམས་ཅདད་བཞིན་དང་ས་ཀྲོལ།། དེ་ཏིར་མ་ལ་མིག་ས
11a3 གཏང་གཞག་མེད་པའི་ཏིང་ང་འཛིན།། མ་སྒོམས་བླངས་སུ་འགྱུར་བར་དགོས།། ད་ཡང་འདུས་པའི་སྙིང་པོ་ཉོན།། བསྒོམ་དུ་མེད་པའི་ཆོས་ཉིད་ལ།། ནམ་རྟོག་མཚན་མཆི་བྱུང་ཡང་།། དམིགས་ནས་གསལ་བ་བསླབ་མི་བྱ།། དཔེར་ན་ནམ་མཁའ་འདི་ཉིད་ལ།
11a4 སྤྲིན་དང་ཁུ་རླངས་ལ་སོགས་པའི།། འཇིག་རྟེན་ཞིག་ནས་མེད་པ་ལྟར།། ཇི་བཞིན་ཉིད་དུ་དང་དྲན་པས།། དུས་མཉམ་གསལ་བས་ཡང་དག་སྟེ།། དེ་ལ་གཉེན་པོས་བཅོས་སུ་མེད།། ཐ་སྙད་རང་གསལ་བཅོས་པར་བཤད།། ད་ཡང་འདུས་པའི་སྙིང་པོ་ཉོན།
11a5 མེད་ཐིག་ལེ་རང་ཤར་བས།། ཡང་དག་དོན་ལ་མི་འཇུག་པནི།། ངོབོ་ཉིད་དུ་གྱུར་པས་ན།། དོན་དུ་གཉེར་བ་གང་ཡང་མེད།། སྭ་གཞན་དུ་གཡོས་མེད་ཕྱིར།། ཆེད་དུ་བནོམ་དུ་མེད་པ་སྟེ།། དམིགས་པ་གཏད་པའི་དོན་དང་ཟའ།། དོན་མི་གཉེར་ལ་དགྲ་མེད་འདྲ།།
11a6 དེ་ཡང་འདུས་པས་ཡང་གསོལ་པ།། གཏང་གཞག་མེད་པའི་སྒོམ་པ་ལ།། མི་མཐུན་མི་འབྱུང་གསུངས་པ་ནི།། རྣལ་འབྱོར་པ་དེ་མ་ཡེངས་ན།། བྱར་མེད་འགྲོག་མེད་གསུངས་པ་ཅི།། དེ་ཉིད་འཆིང་བར་མི་འགྱུར་བའི།། ཕྱོགས་བྲལ་བསྟན་པ་ཇི་ལྟར་ལེགས།།
11a7 ཀུན་རིག་སྟོན་པས་བཤད་དུ་གསོལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། དུས་གསུམ་རྣམ་པ་ཐམས་ཅད་དུ།། ཀྱེ་འཆི་མེད་པར་ཡེ་འཆར་བ།། སྣང་མེད་ཞེན་རྟོག་ཐམས་ཅད་ཀྱང་།། གང་ཡང་ཆོས་སྐུར་གསལ་བ་ལས།། གཏང་གཞག་རྩོལ་སེམས་ཅིལ
iiif viewer powered by OpenSeadragon
10b - 11b