| | e-texts navigator
|
10a1 བུ་ལྡན་གྲུའདེ།། བསམ་པ་རྣམ་གྱིས་ཀུན་འགྲུབ་ཏེ།། འཆིང་བུ་རིན་ལྡན་ཁྱད་པར་བསྟན།། སྐྱེབ་མ་ལེན་མངོན་སངས་རྒྱས།། དཱ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ད་རྟགས་མཟད་ངན་རྒྱན་གཏེར།། དང
10a2 འབྲས་བུ་ཡོན་ཏན་ནི།། གཟུགས་མེད་རིག་པ་ཡེ་ཤེས་སྐུ།། ཐ་མ་ལ་རང་སེམས་ང་ཡི་ཐུགས།། སྟོང་རིག་དྲན་པ་ཡི་གསུངས།། རིག་པའི་ཡོན་ཏན་གང་གིས་འགྲུབ།། ཡེ་ནས་ཕྲིན་ལས་དང་བྱུང་བས།། རིག་པ་སྤོས་བྲལ་ཆོས་སུར་རྫོགས།། ད་ཡང
10a3 འདུས་པའི་འཁོར་རྣམས་ཉོན།། འགྱུར་མེད་ལྷུན་གྱིས་གྲུབ་པའི་གཞི།། ཆོས་ཉིད་བདེ་ཆེན་ཀློང་ཡངས་ལམ།། སྐྱེ་འཆི་མེད་པའི་འབྲས་བུ་སྨིན།། དེ་དག་གཅིག་ཕྱིར་རྒྱལ་བའི་ཐུགས།། གསེར་གླེངས་རྡོ་མེད་པ་བཞིན།། སེམས་ཅན་དུས་ནི་སངས་རྒྱས་ལ།
10a4 ཡོན་ཏན་མཚན་དང་དཔེ་བྱད་དང་།། ཡེ་ཤེས་སུ་ལ་ཀུན་ཀྱང་ཐུགས།། དེ་ལྟར་ཐ་མ་ལུས་སེམས་ཀྱིས།། སེམས་ལས་མ་ལུས་སངས་རྒྱས་རྙེད།། རྐུ་ལས་མ་བྱུང་འབྲས་བུ་རྟོགས།། ལུང་ལས་མ་བརྟེན་ཆོས་རྣམས་ཤེས།། ཐེག་དགུའི་ཆོས་རྣམས་གཅིག་ལས་མེད།།
10a5 དུག་ལྔ་མྱ་ངན་འདས་པ་དག། ཐུགས་ཀྱི་ཀློང་རྡོལ་ཆོས་ཀྱི་སྐུ།། འཁོར་བའི་ནང་གི་ལུས་ཡོད་ཀྱང་།། པདྨ་དང་ནི་འདམ་བཞིན་དུ།། ཉོན་མོངས་ལས་ཀྱིས་གོས་པ་མེད།། དེ་ཕྱིར་སངས་རྒྱས་ཀུན་དང་མཉམ།། གས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བ
10a6 འཁོར་ལོའི་རྒྱུད་ལས། ཆེ་བའི་ཡོན་ཏན་བསྟན་པའི་ལེའུ་སྐྱེ་བཅུ་དྲུག་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འཁོར་གྱི་ཐེ་ཚོམ་བསལ་བའི་ཕྱིར།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། རང་བྱུང་ཡེ་ཤེས་ངོ་བོ་ལ།། གཞལ་བྱ་མི་དམིགས་དོན
10a7 ལགས།། སྣང་བ་མཚན་མ་འདི་ཉིད་ཀྱི།། གཏན་ཚིགས་མགུ་བ་གསུངས་པ་ཅི།། དོན་དེ་གང་གིས་རྟོགས་པའི་ཐབས།། བལྟ་མེད་གསུངས་པ་ཅི་ཡི་ཕྱིར།། གོལས་ལུང་མེད་བསྟན་པའི་ཕྱིར།། མཐུན་དཔེ་གང་གིས་གང་ལ་མཚོན།། མཉམ་པའི་རྒྱལ་པོས་པ།།
iiif viewer powered by OpenSeadragon
9b - 10b