e-texts navigator
Collection
Volume
Page
Wylie

75a1 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།། ནག་པ་ཆེན་པོ་ལས་ལ་བསྐུལ་བ་ནི།། ངལས་བཤད་ཀྱི་ཁྱོད་ཀྱིས་ཉན།། འདས་དང་ས་གྱོན་ད་ལྟར་གྱི།། བསྟན་པ་སྲུང་བ་སྐྱེད་བྱེད་པ།། ནག་པོ་ཆེན་མ། མྱོང་ན་ལེན་པ་ས།
75a2 གདུག་པ་ཚང་གཟོད་འཇིགས་པའི་གཟུགས།། རལ་པ་ནག་པོ་གྱེན་དུ་གཡེང་།། སྟེང་གི་ལྷ་ཚངས་འཇིགས་པར་བྱེད།། སྤྱན་བགྲང་ལྗགས་འདྲིལ་བར་གྱི་ལྷ་གདོན་པ་སྡིག། གཡས་པ་གྲི་གྲག་གནོད་སེམས་ཙནཱ་ལ་སྡང་།། གཡོན་པ་ཐོད་ཁྲག་གནོད་སེམས
75a3 གྲང་གསོལ།། ཞབས་བརྡབ་གནོད་སེམས་ཅན་གྱི་ལས་ལ་ཉེད།། གང་གི་དཀོན་མཆོག་གསུམ་ཁྲོ་དང་།། བླ་མ་བརྟས་བྱེད་སེམས་ཅན་འཚོ།། བདག་གིས་བསྒོ་བ་ཀུན་ཁུག་ལ།། ལིངྒ་འདི་ལ་མྱུར་དུ་ཆུད།། འདི་ཡི་ཤ་ཟོ་ཁྲག་འཐུང་ལ། རུས་པ་ཀླད་པ་ནང་ངོལ་གྲོ།།
75a4 རིགས་རྒྱུད་ཟད་ནམ་ཆོད་ལ་ཤོག། མཛའ་བོ་ཀུན་དང་གྲོལ་ལ་ཐོང་།། བདག་གིས་བསྒོ་བ་མཉན་ན།། ནག་པོ་ཁྱེད་ནི་ཉམས་པར་འགྱུར།། ཞེས་བསྐུལ་ལོ།། དཔལ་རྣག་པོ་ཆེན་པོའི་ཆུང་ངུར་ཁྲོད་ནག་པོ་ལས། བསྐུལ་བསྟན་པའི་ལེའུ་སྟེ་བདུན་པའོ།།
75a5 ཨིངྒ་བཅང་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྦལ་བ།། འབྲུ་ནག་སྣ་ཚོགས་ཕྱེ་མ་ལ།། ཚ་བ་གསུམ་གྱིས་གཟུགས་བརྙན་བྱ།། དུག་དང་སྐེ་ཚེ་ལན་རྫོ་དང་།། རྒྱ་ཚྭ་བ་ཚྭ་རྫབས་རུ་ཚྭ།། སྔགས་དང་དགྲ་མིང་སྤེལ་ལ་བྲི།། ཤི་གའི་ཁྲག་དང
75a6 ས་བྱེད་ཀྱིས།། ཁྱད་པར་དུ་ཡང་དགྲ་མིང་བྲི།། འཁོར་ལོ་རྩིབས་བརྒྱད་བྲིས་ནས་ནི།། རྩིབས་དང་རྩིབས་བར་རྣམས་ལ་ནི།། སྙིང་པོ་དགྲ་མིང་སྤེལ་ལ་བྲི།། མུ་ཁྱུད་འཁོར་བར་སྔགས་རིང་དང་།། བསང་བཅས་སྔགས་དང་དགྲ་མིང་སྤེལ།། དྲིལ་ནས
75a7 གང་གཁྲུག་པར་བྱ།། དེ་ནས་འབོད་ཟད་བསད་གསུམ་ནི།། སྟོང་རྩ་བརྒྱད་ཀྱི་བར་དུ་བརྗོད།། དེ་ནས་ནག་པོ་གྲངས་མེད་འཕྲོས།། གྲི་གུག་གིས་ནི་ལུས་བཀུག་ནས།། སྔགས་ཀྱི་ལིངྒ་དག་ལ་གཞུག། སྙིང་པོའི་སྔགས་ཀྱི་འོད་ཟེར་གྱིས།། སེམས




iiif viewer powered by OpenSeadragon

74b - 75b

Texts on this page

Gdg024.5 - dpal nag po chen po'i rgyud dur khrod nag po