e-texts navigator
Collection
Volume
Page
Wylie

73b1 གཟུ་དང་།། ཁ་ནས་ཐག་ཅག་པས་པ་།། དུག་པདུང་གཤས་འང།། རྟགག་སྟན་པ་འོབ་བ་ཅད། བ་པ་པ་ཡང་མ་པ་དང། དཔ་ཙུག་པདུ་པ་འཐམས་བདུད། དནམས་ས་ག་གན་འ་དུས་གས་པན་ག
73b2 གྲི་ཟུག་གཡོན་ཐོད་ཁྲག། སྟག་ལྤགས་རློན་པས་སྐད་དཀྲིས་ཤིང་།། གཏུམ་པ་སྤྱན་གསུམ་གསུས་པ་འཕྱང་།། ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱད།། མཆེ་བ་གཙིགས་ཤིང་སྟན་མིག་བཟློག། སྐྱལ་ནག་པ་གྲངས་མེད་འགྲོ།། དེ་ལ་ཐུགས་ཀར
73b3 དཀྱིལ་འཁོར་བསམ།། དེ་སྙེད་ཉི་སྟེང་གྲི་ཕྱག་ལས།། རྡོ་རྗེའི་རྩ་བར་ཧཱུཾ་གནས་ལ།། འོད་འཕྲོས་རང་བཞིན་མགོན་པོ་དགུག། རྡོ་རྗེ་འཆང་གི་སྤྱན་སྔ་རུ།། ཇི་ལྟར་ཁས་བླངས་དམ་བཅས་པ།། བྱིན་གྱིས་བརླབས་པའི་གནས་འདི་རུ།། དྲག་པོའི་ལས
73b4 ལ་ཀུན་འདྲེན་བཞུགས།། ཞེས་བརྗོད་པས་གཉིས་སུ་མེད་པར་གྱུར།། གཞན་གྱི་ཁྱད་པར་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྐལ་པ།། ནག་པོ་ཆེན་པོ་ཁྱོད་ཉོན་ཅིག། སྔར་བཤད་པ་ཡི་དཀྱིལ་འཁོར་དུ།། དབུས་སུ་ནག་པོ་ཆེན་པོ་ནི།
73b5 དྲག་བྱེད་ཚུལ་དུ་བསྐྱེད་བྱས་ནས།། རྩིབས་བརྒྱད་ལ་ནི་གོ་མ་བཞིན།། གཤིན་རྗེ་ཕོ་ཉ་མ་དང་། གཤིན་རྗེ་མཆེ་བ་མོ་དང་། གཤིན་རྗེ་བེ་ཅོན་མ་དང་། གཤིན་རྗེ་དུས་མཚན་པོ་དང་། གཤིན་རྗེ་ལྕགས་ཀྱུ་མོ་དང་། གཤིན་རྗེ་ཞགས་པ་པོ་དང་། གཤིན་རྗེ་ལུ
73b6 རྒྱུད་མ་དང་། གཤིན་རྗེ་འབེབས་པ་མ་དང་། དུར་ཁྲོད་མ་མོ་འདི་དག་ཀྱང་།། གཡས་ན་གྲི་གུག་མཚན་མ་དང་།། ཕྱག་གཡོན་ནེ་ནི་ཐོད་ཁྲག་འཛིན།། གཞན་མེ་ཆ་ལུག་གཙོ་དང་མཚུངས།། དེ་ཡི་ཕྱི་རིམ་བརྒྱད་པོ་ལ།། གདན་གྱི་སྟེང་དུ་བསམ་བྱ་བ།
73b7 ལོས་ཀྱི་གཤིན་རྗེ་བགྱད་པོ་ནི།། ཤར་ཕྱོགས་སུ་ནི་ཡང་ནི།། སྒོ་ཕྱོགས་སུ་ནི་རྒྱལ་པོའོ།། ནུབ་ཕྱོགས་སུ་ནི་ཏིལ་བ་སྟེ།། བྱང་གི་ཕྱོགས་སུ་བླང་བགོ་ཙནཾ།། བྱང་ཤར་རལ་པ་ཚང་དགུ་སྟེ།། རུང་བྱང་གཤིན་རྗེ་ཐེག་པ་བསམ།། ལྷོ་ནུབ་གཤིན་རྗེ




iiif viewer powered by OpenSeadragon

73a - 74a

Texts on this page

Gdg024.5 - dpal nag po chen po'i rgyud dur khrod nag po