e-texts navigator
Collection
Volume
Page
Wylie

37a1 བོན་འོད་འགྲོས་པས།། ཁྲོ་བོ་མང་པོས་གཟིར་བཕྲད་ནས།། གཞལ་མེད་ཁང་དག་བསམ་དབུས་སུ།། བླ་མ་ཡེ་དམ་དཀྱིལ་འཁོར་ཚོགས།། བསོད་ནམས་ཚོགས་རྫོགས་སྟོང་ཉིད་ལས།། ཧཱུཾལས་བདག་ཉིད་ཁྲོ་བོའི་མདུན།།
37a2 སྭཏྨ་ཀཱ་ལ་འཇིགས་བྱེད་ཆེ།། སྐུ་མདོག་ནག་པོ་མུན་པའི་མདངས།། ཞལ་གཅིག་ཕྱག་ནི་གཉིས་པ་སྟེ།། སྐྱ་ལ་མཐའ་བར་བརྩེགས་པ་གསོལ།། ཆིབས་སུ་དཔའ་བོ་སྟག་ལ་བཅིབས།། ཕྱག་ན་ཙ་རྗེན་པིང་ཆེན་བསྡམས།། དམ་དང་དྲང་།
37a3 ཀྱི.ོཾ་ལྔ་འདྲེན་ཅིང་།། ལྕགས་ཀྱི་བུ་ཁྲ་ཕྱི་ནས་འབྲངས།། ཅེ་སྤང་ནག་པོ་ཁྲག་རྗེས་གཅོད།། སྲོག་གཅོང་ཁྲོ་བོ་འཇིགས་པའི་སྐུ།། སྤུ་གྲི་མི་སྙིང་ཐོགས་པ་དང་།། ཏྲི་ཤུལ་རྒྱལ་མཚན་དུང་འབུད་དང་།། གསད་བྱེད་མོན་པ་བདུན་དང་བཿསྭ།
37a4 སྤྱན་དྲང་མཆོད་དང་བཟླས་བརྗོད་ཅིང་།། དེ་ཚེ་མཚན་རྟགས་བྱུང་བ་དང་།། སྒྲ་དང་འོད་དང་མོན་ནག་དང་།། བརྗེ་ནག་པོ་སློབ་དཔོན་དང་།། མི་ནག་ལོ་སོགས་བྱུང་བ་དང་།། དངོས་སུ་སྐུ་ཡང་སྟོན་པར་འགྱུར།། དཔལ་མགོན་པོ་ནག་པོ་གསང་བ་སྙིང་གི
37a5 འཁོར་ལོ་ནག་པོའི་རྒྱུད་ལས། བསྙེན་ཅིང་བསྒྲུབ་པ་སྟེ་རྟོག་པ་གཉིས་པའོ།། ། དེ་ནས་རྡོ་རྗེ་གཏུམ་པོ་ཡིས།། བསང་བའི་སྦྱོར་བ་བཤད་པར་བྱ།། བམ་ཆེན་མོ་ཡི་ཐོད་པ་རུ།། ཚྭ་བ་གསུམ་དང་ལྕི་བ་དང་།། སྲ་དང་དྲི་མ་རྐང་རྗེས་དང་།
37a6 ཐག་ས་བངས་དང་དར་ཁྲག་གིས།། དབང་པོ་ཆོང་པའི་འདྲ་འབག་བྱ།། གུ་གུལ་རྒྱ་ཚིལ་དུད་པས་བདུག། ཐོད་པ་སྔགས་ཀྱི་འཁོར་ལོར་གཏུམ།། གདུག་པའི་རི་བས་ཁ་བཅད་ལ།། བསད་པའི་སྔགས་ལ་འཇུག་པར་བྱ།། སྲོད་དང་ཐོ་རངས་གུང
37a7 གཏི་པ་ལ།། མངངར་ཐུན་རཾ་སྔགས་རི་ཞུགས།། ལས་རྫོགས་བྲར་གང་བ་གྲིས་གཏུབ་ལ།། དེར་ནག་གསུམ་པ་དཀར་དག་གིས།། མཚན་ངན་ཐོད་པར་བཅུག་ནས་ནི།། ཀརྟེན་ལྷ་ཡི་ཁང་པའམ།། གདུག་པ་གནས་པའི་ས་རུ་ལནན།།




iiif viewer powered by OpenSeadragon

36b - 37b

Texts on this page

Gdg024.3 - dpal mgon po nag po gsang ba snying gi 'khor lo dngos grub chen po 'byung ba'i rgyud