| | e-texts navigator
|
36a1 རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ནཱ་ཐ་གྷ་ཡ་ཙིཏྟ་ཙཀྲ་སིདྷི་མ་ཧཱ་ཧི་ཏ་ཏ་ནཱ། བོད་སྐད་དུ། དཔལ་མགོན་པོ་ནག་པོ་གསང་བ་སྙིང་གི་འཁོར་ལོ་དངོས་གྲུབ་ཆེན་པོ་འབྱུང་བའི་རྒྱུད། བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་གཟི་བྱིན་ཅན་ལ་ཕྱག་འཚལ
36a2 ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་རྔམས་པའི་རྒྱལ་པོ་ཉིད། ལྕང་ལོ་ཅན་གྱི་གནས་མཆོག་ལྷུན་གྱིས་གྲུབ་པའི་ཕོ་བྲང་ཆེན་པོ། བྱང་ཆུབ་སེམས་དཔའ་དུ་མ་དང་བཅས་པ་ཁྲོ་བོ་རྔམ་པའི་རོལ་པ་དང་། འཇིག
36a3 རྟེན་གྱི་དྲེགས་པ་ཅན་ཕོ་མོ་དམོད་པའི་མཚོན་ཆ་ཅན་དང་། ལྷ་དང་མཁའ་འགྲོ་མ་མང་པོ་འདུས་པའི་དབུས་ན། ཆོས་ཉིད་ལས་སྐུ་བཞེངས་ཏེ། དྲེགས་པ་ཅན་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ། དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་དཔལ་མགོན་པོ་ནག
36a4 པོ་ཞེས་བྱ་བ། གསང་བའི་ཡུམ་དང་བཅས་པ། སྦལ་པའི་སྲོག་གཤེད་དང་པོ་ཉའི་ལས་མཁན་དང་། སྒྲོལ་གིང་ཤན་པ་པོ་མོ་དང་བཅས་པ་དེ་ཉིད་དུ་ལྷགས་ཏེ་རབ་རྟགས་སྲོག་གི་སྙིང་པོ། གདུག་པའི་དམོད་པའི་མཚོན་ཆ་ཅན། རྡོ་རྗེ་གཏུམ་པོ་ལ་མདོངས
36a5 གསོལ་དུ་ཕུལ་ལོ།། སྨྲས་པ། ཏདྱ་ཐཱ། ཨོཾ་མཱི་མཻ་ཧཱ་ཀྵ་ལ་ཏྲི་ཡ~ཾ་ཛཿཛཿ། དགྲ་བོ་མཱ་ར་ཡ་ནན། མཱ་ར་ཡ་སོད། ནག་པོ་དགྲ་བོའི་ཤ་ཆུད་སྒྲེང་འདི་ཐོན་ཐོན། བདུད་པོ་དགྲ་བོའི་སྲོག་ལ་ཛཿ། ནག་པོ་དགྲ་བོའི་བརྩ་ལ་ཛོཿ་\ུ0f7f། ནག་པོ་དགྲ་པོའི
36a6 སྙིང་རྒྱལ་པོ་ཧོ། ནག་པོ་དས་པོའི་ཀླད་པའི་རྩལ་ཛཱ་། ནག་པོ་དགྲ་བོའི་སྙིང་ཅུད་དབུགས་ལ་ཛ་\ུ0f7f། ནག་པོ་དགྲ་པོའི་ནཤུད་སྩོག་ལ་ཛ་། ཧྲཱི་ན་ཧཱུ~ཾ། མ་ཧྲཱི། ཛི་ཧྲཱི། བས་ནིར་ཧཱུ~ཾ་སྟྭ~ཾ། མ་མཚོལས་ལ་བློ། ཧ་ལ་ཧ་ལ་ཧཱུ~ཾ་ཕུཊ། ཅེས
36a7 རྒྱུན་ཀྱང་སོང་པར་ཕུལ་ལོ།། མགོན་པོ་གསང་བསྐང་གི་འཁོར་པོ་ནག་པའི་བྱུང་ལདུ། གླེང་གཞི་དང་སྔགས་སྟོན་པའི་ལེན་དང་པར།། དེན་མི་དཔལ་མགོན་པ་ཆེན་པོ་རྣམ་ཐོས་བྲིས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སརྦྦརྨཱ།
iiif viewer powered by OpenSeadragon
35b - 36b