e-texts navigator
Collection
Volume
Page
Wylie

35a1 མེད།། ཞེ་སྡང་ཅན་ལ་ལྟོས་པར་སྟོན།། ང་རྒྱལ་ཅན་ལ་ལྷག་པར་སྟོན།། འདོད་ཆགས་ཅན་ལ་མི་སྨུ་ག་སྟོན།། གཏི་མུག་ཅན་ལ་མྱོས་པར་སྟོན།། སེར་སྣ་ཅན་གྱིས་འཕྲོག་པར་བྱེད།། ཕྲག་དོག་ཅན་ལ་འཇིགས་པར་སྟོན།། ཁྱོད་ཀྱིས་མི་འདུལ
35a2 གཅིག་མེད་ཀྱིས།། མཆོད་ཅིང་བསྐང་བའི་ཐུན་རྫས་བཞེས།། བཅོལ་ཅིང་གཉེར་བའི་ལས་མཛོད་ཅིག། བསྟོད་ཅིང་བསྒྲུབ་པས་ལས་མཛོད་དགྱེས་པར་མཛོད།། དེ་ནས་རང་གི་སྙིང་པོ་དང་།། འཇིག་རྟེན་དྲེགས་པའི་བདག་པོ་རྣམས།། སོ་སོའི་སྔགས་ཀྱི་ལས
35a3 ལ་སྦྱར།། རྡོ་རྗེ་འཛིན་པ་ཆེན་པོ་ཡིས།། བྱང་ཆུབ་སེམས་ཀྱི་བསམ་པ་ཡིས།། ལྟོས་དང་རེ་བཀུན་སྤངས་ཏེ།། སངས་རྒྱས་བསྟན་པ་རབ་དམིགས་ནས།། དྲག་སྔགས་བདག་པོ་ཉེར་བསྒྲུབས་ན།། ང་དང་སངས་རྒྱས་ཐམས་ཅད་མཉེས།། རིག་པ་འཛིན་པའི་ས་ཐོབ་ཅིང་།།
35a4 མས་ཅན་རྣམས་ཀྱི་སྟོན་པར་འགྱུར།། ཐུན་མོང་བ་དང་ཉེ་བ་དང་།། མཆོག་འགྱུར་རིང་བའི་དངོས་གྲུབ་ཀུན།། དཔའ་བོ་དེ་ལས་མངོན་དུ་འབྱུང་།། ཡོན་ཏན་མཆོག་གི་སྟོབས་རྙེད་ཅིང་།། འཇིག་རྟེན་ཆོས་ལས་རབ་བསྔགས་པའི།། བྱང་ཆུབ་སེམས་དཔའི་སྤྱོད་པ
35a5 ས་ཆེན་པོ་ལ་རྟོགས་པ་ཡི།། རླབས་ཆེན་རྣམས་ཀྱང་ནུས་པར་སྤྱོད།། མཐུ་སྟོབས་ནུས་པ་བསྙེམས་པ་ཡིས།། གཞན་གྱིས་བརྫི་བར་མི་ནུས་ཤིང་།། རང་གི་དབང་དུ་ཁུགས་པ་དང་།། བསྒོ་བརྩོད་པ་མེད་པར་འགྱུར། ཞེས་བཀའ་སྩལ་ཏོ།། དྲག
35a6 ས་འདུས་པ་རྩ་པའི་རྒྱུད་ལས་བསྟོད་པ་ཡོན་ཏན་བརྗོད་པའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་བཛྲན་ལྡན་འངས་རྡོ་རྗེ་འཛིན་པ་ཆེནས་སྷོ། ཉིད་ཀྱི་སྐྱེ་འཇིགས་བྱེད་ཆེན་པོའི་ལུགས་སུ་སྭཱ་སྤྲུལ་ཏེ། ཐུགས་ཆོས་ཉིད་ཞི་བཆེན་ཐའི་ཏིང་རྗེ་འཛིན་ལ
35a7 མས་པར་ཞུགས་ནས། སྐུའི་གནས་ཐམས་ཅད་ལས་འོད་ཀྱི་དྲ་བ་དཔག་ཏུ་མེད་པ་ཕྱུང་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དྲེགས་པ་ཅན་གྱི་གནས་ཐམས་ཅད་ཁྱབ་པར་མཛད་ནས།། མ་རུངས་ཤིང་གདུག་པ་དང་གཏུམ་པའི་སེམས་དང




iiif viewer powered by OpenSeadragon

34b - 35b

Texts on this page

Gdg024.2 - drag sngags 'dus pa rdo rje rtsa ba'i rgyud