e-texts navigator
Collection
Volume
Page
Wylie

34a1 གཡས།། བྷན་དྷ་ཞང་ཆེན་གཡང་གཞི་གཡོན།། མཐིང་ནག་བོད་ཀྱིས་ཀུན་དུ་ཁྱབ།། ཆེད་འགའ་རིགས་ཀྱི་སྤྲུལ་པ་འདི།། དབུ་གསུམ་ཕྱུག་དྲུག་ཞབས་བཞིར་བགྲང་།། སྐུ་པ་དོག་མཐིང་དག་ཁྲོས་ཤིང་རྔམ།། ཕྱག་དྲུག་གཔས་གའོད
34a2 པོ་ཡིས།། རྡོ་རྗེས་དུང་ཁྲག་དཀྲུག་ཅིང་གསོལ།། གཡས་གཡོན་གཉིས་ཀྱི་ཕྱག་བཞི་ཡིས།། ལྷ་བརྒྱད་ཀླུ་བརྒྱད་ཙིཏྟ་རོ་ལ།། ཡུམ་ཆེན་ཞལ་གཅིག་ཕྱག་གཉིས་མ།། སྐུ་མདོག་མཐིང་ནག་ཞབས་གཉིས་སྦྱོར།། གཡས་ཀྱིས་ནམ་མཁའ་སྟོང་ཁམས
34a3 འདེགས།། གཡོན་གྱིས་འཇིག་རྟེན་ས་གཞི་གནོན།། ཞལ་ནས་འབྱུང་བ་ལྔ་འཆར་མ།། དཔལ་ཆེན་ཡབ་ཡུམ་བྱིན་རླབས་ལས།། སྤྲུལ་པའི་དྲེགས་པ་ཕོ་མོ་གཙོ།། བདུད་མོ་ནག་མོ་ཁ་རླངས་ཅན།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་།། ཁྲམ་ཤིང
34a4 ཤཱལ་གཡས་ན་བསྣམས།། གཡོན་གྱིས་ཁ་ཊྭཱཾ་ཞགས་པ་འཕེན།། ན་བཟའ་ཞིང་ལྤགས་རློན་པ་གསོལ།། ཞབས་གཉི་ས་གདུག་པའི་སྙིང་གར་གཟིར།། བདུད་མོ་ནག་མོ་ཁྲག་འཛག་མ།། ཁྲམ་བི་ཟོད་རློན་ཕྱག་ན་བསྣམས།། སྐྲ་ལ་ཞིང་ལྤགས་གསར་པ
34a5 ནས།། བདུད་རྟ་ནག་པོ་ཆིབས་སུ་བཅིབས།། ཞབས་ཀྱིས་དགྲ་བགེགས་པཤུགས་ཀྱིས་སྒྲོལ།། འཆི་བདག་གཤིན་རྗེ་ནག་པོ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་གནག། ཕྱག་གཡས་ཟོང་ཁྲག་གྲི་གུག་གཡོན།། བཙུན་མོ་ཡུམ་ཆེན་ཟླ་བྱེད་མ།།
34a6 གྲི་གུག་ཐོད་པ་བྱུག་ནི་བསྣམས།། ཡབ་ཡུམ་ཞིང་ལྤགས་རློན་པ་གསོལ།། མ་ཧེ་ཁྲོས་དང་ཆུ་གླང་བཅིབས།། ཞབས་ཀྱིས་དགྲ་བགེགས་ཕོ་མོ་གཟིར།། སྲིན་པོ་གསོད་བྱེད་སྐུ་མདོག་གནག། ཕྱག་ན་རལ་གྲི་ཟོད་ཁྲག་བསྣམས།། ཡུམ་ཆེན་གརྗོད་པར
34a7 བྱེད་མ་ཡང་།། གྲི་གུག་མི་ཐོད་ཕྱག་ན་བསྣམས།། ན་བཟའ་ཞིང་ལྤགས་རློན་པ་གསོལ།། སྟག་སེང་རོལ་པ་ཆིབས་སུ་བཅིབས།། གནོད་སྦྱིན་གང་བ་བཟང་པོ་ཡང་།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ།། དར་ནག་འཕྱིར་ཞིང་ཞིང་ལྤགས་པ་རྡེག




iiif viewer powered by OpenSeadragon

33b - 34b

Texts on this page

Gdg024.2 - drag sngags 'dus pa rdo rje rtsa ba'i rgyud