| | e-texts navigator
|
33b1 ལུས་པར།། ང་འམ་ང་དང་འདྲ་བ་ཡི།། རྡོ་རྗེ་འཛིན་པ་གཞན་རྣམས་ཀྱིས།། ཕྱི་ནང་གསང་བའི་ལས་རྣམས་ཀྱིས།། གང་ལ་བསྔགས་པ་དེ་དག་སྦྱར།། གཞན་གྱིས་ཐེ་ཚོམ་མི་བྱ་སྟེ།། ང་དང་དུས་གསུམ་སངས་རྒྱས་ཀྱིས།། དེ་ལ་རེག་པར་སྣང་བ་ཡིན།། ཞེས
33b2 བཀའ་སྩལ་ཏོ།། དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་ཕྲིན་ལས་དམིགས་པའི་ཁྱད་པར་ལས་སྦྱར་བའི་ལེའུ་སྟེ་དགུ་པའོ།། །། དེ་ནས་རྡོ་རྗེ་འཛིན་པ་ཡིས།། ཡོན་ཏན་བསྟོད་པ་འདི་གསུངས་སོ།། ཧཱུ~ཾ་དུར་ཁྲོད་ཆེན་པོའི་རོལ་པའི་དཀྱིལ་འཁོར་ནས།
33b3 གཏུམ་དྲག་མེ་ལྟར་འབར་བའི་གཞལ་ཡས་ན།། གདུག་བྱེད་རུ་ཋ་སྟི་རའི་ཁྲི་སྟེངས་ན།། མདངས་ལྡན་ཉི་པྲ་པདྨའི་གདོན་སྟོངས་ན།། དྲགས་པའི་བདག་པོ་རྡོ་རྗེ་འཛིན་པའི་གཙོ།། བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནི།། སྐུ་མདོག་མཐིང་ནག་རབ་ཏུ་འབར།
33b4 ས་དགུ་རྫོགས་པས་དབུ་དགུ་བསྟན།། སྟོང་པ་བཅཝ་བརྒྱད་ལྡན་པའི་ཕྱག། ཞབས་ཀྱིས་བརྗིད་པའི་བདུད་བཞི་གནོན།། དབུས་མཐིང་གཡས་དཀར་གཡོན་དམར་བྱས།། ཁྲོ་ཞིང་བཞད་དང་གཙིགས་པའི་ཞལ།། རལ་པ་ཁམ་དགྲ་སྲིད་རྩེར་འབར།། ཁམས
33b5 གསུམ་མ་ལུས་སྤྱན་གྱིས་གཟིགས།། ཤངས་ཀྱིས་སྲིད་གསུམ་མ་ལུས་རྔུབ།། སྙན་གྱིས་སྟོང་གསུམ་འབྲུག་སྒྲས་འགངས།། ཆོམས་ཀྱིས་གནོད་གདུག་མ་ལུས་སྒྲོལ།། ལྗགས་ཀྱིས་གློག་དམར་འཇིག་རྟེན་ཁྱབ།། དྲོ་གཉེར་འོད་ཀྱིས་དབང་དུ་སྡུད།། དྲིན་ལས
33b6 རིགས་ཀྱིས་དབུལ་བརྒྱན།། བཅཝ་བརྒྱད་ཕྱག་གི་དང་པོ་གཉིས།། དབང་སྲུང་རྡོ་རྗེ་དྲིལ་བུ་འཛིན།། གཡས་གཡོན་འོག་མའི་ཕྱག་བརྒྱང་ན།། དྲེགས་པའི་ལྷ་བརྒྱད་བྷན་དྷ་གཡས།། ཙེཏྟ་སྲོག་རྩ་གཡོན་ན་བསྡམས།། འབར་བའི་མས་ཀྱིས་སྦ་ལ་བརྒྱན།། བསྲུང
33b7 བའི་ལྷ་བརྒྱད་སྐུ་ལ་རྫོགས།། གཡས་གཡོན་ཞབས་ཀྱིས་དྲེགས་པ་གཟིར།། མ་རུངས་གདུལ་དཀའ་རྣམས་ཀྱི་གཤེད།། ལོག་ཝཱ་རུ་ཏྲ་འདུལ་བའི་དཔལ།། འབྱུང་ལྔའི་བདག་མོ་གཉིས་མེད་ཡུམ།། དབུ་གསུམ་ཕྱེག་དྲུག་ཞབས་བཞི་སྦྱོར།། གྲི་གུག་ཏྲི་ཤཱུལ་བདུད
iiif viewer powered by OpenSeadragon
33a - 34a