e-texts navigator
Collection
Volume
Page
Wylie

32a1 སྤྱད་པས།། གང་ལ་དམིགས་པ་དེར་གཏད་པས།། ཆོས་སྐུའི་གཟུགས་བརྙན་རྟེན་ཁང་ལ།། སྟེང་འོག་གནས་གསུམ་བདག་པོ་གསུམ།། རྒྱ་མཚོའི་གཏིང་དང་རི་རབ་ཟུར།། བར་སྡང་ཁམས་དང་ནམ་མཁའི་དབྱིངས།། བསྲུང་དང་བཟློས
32a2 དང་གསད་པའི་ལས།། དམག་དཔུང་བསྡུ་དང་དཔལ་སྐྱེད་དང་།། རབ་ཏུ་ཁྲོས་དང་སྦྱོར་བ་ཞིག། ལས་ཀྱིས་ཕ་རོལ་དམོད་པས་བཟློག། ངན་པའི་ཐོད་པ་སྔ་གསུམ་དང་།། ཤིས་པ་མ་ཡིན་ས་བརྒྱད་དུ།། རྟེན་ཅིང་འབྲེལ་པ་འབྱུང་སྦྱོར་བས།། དམིགས་པའི་ནུས
32a3 སྟོབས་གནོན་པར་བྱེད།། ཁྱད་པར་ལས་ཀྱི་བྱེ་བྲག་གིས།། རྒྱལ་པོ་ཡ་རབས་རྗེ་དཔོན་དོང་།། ཆུང་མ་སློབ་དཔོན་མཁན་པོ་དང་།། རབ་བྱུང་ཁྱིམ་པ་སྔགས་སྦེད་དང་།། ཕྱི་རོལ་ཕྱོགས་དང་ཆོས་ཀྱི་གྲོགས།། ཆེ་བ་ཙན་དྲེགས་པས་བསྙེམས་པ་དང་།། ང་རྒྱལ་ལྡན་ཞིང
32a4 སྐལ་བ་བཟང་།། ཀུན་གྱིས་བཀུར་ཞིང་བརྗོད་པ་དང་།། སེམས་རྒྱུད་བསྲེལ་དང་ཡུན་གྱིས་དྲིན།། ཉེ་བར་བསྟན་ཅིང་སློབ་སྦྱོང་གནས།། ལྷག་པའི་ལྷ་ཡིས་རབ་སྐྱངས་ཏེ།། ཐུན་མོང་ནུས་པའི་སྟོབས་རྙེད་ཅིང་།། ཡོན་ཏན་གཅིག་གིས་རབ་བསྡུས་པས།། ཚེར་གཅད
32a5 དཀའ་བའི་ཡུལ་ཡིན་ཏེ།། མ་ལུས་གང་ལ་བསྔགས་པ་ཡིས།། ཏིང་ངེ་འཛིན་དང་དམིགས་པའི་གྲོགས།། རབ་སྔགས་བརྩོན་འགྲུས་ཅན་གྱིས་བསྐལ།། གཞན་ཡང་ཞི་དང་རྒྱས་པ་དང་།། དབང་དང་མངོན་པར་སྤྱོད་རྣམས་དང་།། རྡོ་རྗེ་འཛིན་པ་ང་དང་གཞན།།
32a6 མཚུངས་ལྡན་རྣམས་ཀྱིས་བཤད་པ་བཞིན།། ཐོགས་མེད་ནུས་པའི་སྟོབས་ཀྱིས་སྦྱང་།། དེ་དག་གསང་བའི་དམོད་པ་ཡང་།། དྲེགས་པ་སྡེ་བརྒྱ་དྲ་སོ་སོ་ཡི།། ག་ལ་གནད་སྙིང་པོ་འདི་དག་གོ།། ཡ་མ་དུ་ཧ་ན་ཧ་ན་ཏིཥྛ་ཏིཥྛ་རུ་ཏྲ་མྱ་མ་སོད་སོད།། ཁ་ཏྲི་ཛ་མ་ཏྲི་ཛཿཛཿ
32a7 ཤོག་ཏྲི་ཛཿཡག་ཤ་ཛཿད་ཏྲི་ཛཿཤ་ཏྲི་བ་ཏྲི་ཛཿ། ཙི་དྷ་པྲམ་ཡ་ཨ་མུ་ཀ་སྲོག་ལྀ་ཛཿཛཿབྷྱོ། ཏྲྀ་ཙ་པ་ལ་ཨག་ཤུག་མེ། ཨ་བྷི་ཤ། ཨ་བྷཻ་ཤུ། ཙག་ཀྲ་རག་ཤ་ས་མ་ཡ་དུན་ཐུམ་རིལ་ལི་ལི། མྱགས་མྱགས་མྱགས། སྲོག་ལ་ཐུན་ཟད། རག་ཤ་སྲོག་ལ་ཕྲིག




iiif viewer powered by OpenSeadragon

31b - 32b

Texts on this page

Gdg024.2 - drag sngags 'dus pa rdo rje rtsa ba'i rgyud