| | e-texts navigator
|
326b1 བོང་རིགས།། ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ།། ཨུ་དུམ་འབར་བའི་ཤིང་དྲུང་མངོན་པར་སངས་རྒྱས་པ།། དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། སྤོབས་པ་འོད་སྲུངས་རྒྱལ་རིགས་པ་མེད་ཡོན་ཏན་ཅན།།
326b2 ཚེལོ་ཉི་ཁྲིའི་དུས་ན་གྲོང་ཁྱེར་བ་ར་ཎཱ་སྠི།། ནྱ་ཀྲོ་དྷ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ།། དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། འགྲོ་མགོན་ཤཱཀྱ་ཐུབ་པ་རྒྱལ་རིགས་བརྩོན་འགྲུས་ཅན།། ཚ་ལོ་བ་རྒྱ་བའི་དུས་ན
326b3 སེར་སྐྱའི་གྲོང་ཁྱེར་དུ།། ཨ་ཤོ་ཏ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ།། དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག།། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ།། འཇིག་རྟེན་གསུམ་གྱི་མགོན་པོ
326b4 མ་གསུམ་སྤངས་པ།། སངས་རྒྱས་པད་མ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ།། བཀྲ་ཤིས་དེས་ནི་སྐྱེ་དཀུའི་འི་བྱེད་དང་པོའོ།། དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ།། འཇིག་རྟེན་གསམ་ན་གྲགས་ཤིང་ལྷ་དང་མིས་མཛོད
326b5 པ།། ཆོས་མཆོག་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ།། འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ།། དགེ་འདུན་དམ་པའི་ཆོས་ལྡན་ཟོས་པའི་བཀྲ་ཤིས་ཕྱུག། མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས།། ཚོགས་ཀྱི
326b6 མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་ཞིང་།། འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ།། ཆེ་བའི་ཚེ་མཆོག་སྟོན་མཆོག་བླ་ན་མེད།། ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས།། བགེགས་དང་བདུད་རིགས་གནོད་པའི་དགྲ་ཞི་སྟེ།
326b7 རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག། ཆོས་ཉིད་ལྡན་པའི་ཆོས་མཆོག་བླ་ན་མེད།། དམ་ཆོས་བདུད་རྩིའི་བདེན་པའི་བྱིན་རླངས་ཀྱིས།། ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ།། རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས
iiif viewer powered by OpenSeadragon
326a - 327a