e-texts navigator
Collection
Volume
Page
Wylie

325b1 དེང་འདིར་བདེ་ལེགས་ཤོག། ལུམ་པའི་ཚལ་ནི་དབེན་ཞིང་ཉམས་དགའ་བ་ལ་ཤའི།། ཡལ་གནས་བཟུང་བལྟམས་ཀྱུན་ཚངས་དང་བརྒྱ་བྱིན་འདུད།། མཁའ་ལ་གཤེགས་ཏེ་ཕྱོགས་བཅུར་པད་མ་བྱུང་གྱུར་གང་།། བཀྲ་ཤིས་དམ་པ་དེ
325b2 ཀྱང་དེང་འདིར་བདེ་ལེགས་ཤོག། གཞལ་མེད་ཁང་མཛེས་དྲང་སྲོང་དམ་པའི་མདུན་བཞག་ནས།། མཚན་ལྷས་ཤིས་པ་བརྗོད་དེ་སྟོན་པ་འབྱུང་གྱུར་པ།། ཤཱ་ཀ་རིགས་བུད་མེད་འཁོར་ལྡན་ཀུན་འདུས་བརྫུན་བཏགས་གང་།། བཀྲ་ཤིས་དམ་པ
325b3 དེས་ཀྱང་དེང་འདིར་བདེ་ལེགས་ཤོག། གཞོན་ནུའི་སྟོབས་ནི་སྤྱི་རྩལ་ཡིག་རྫིས་འཕོང་ལས་ནི།། ཀུན་ལས་མཐར་བྱུང་ལྷ་མི་ལ་སོགས་ཀུན་པས་མཆོག། ཤཱ་ཀྱའི་རིགས་འཁྲུངས་ལོག་རྟོག་བསལ་གྱིར་བཙུན་མོའི་འཁོར།། བཀྲ་ཤིས་དམ་ལ
325b4 ཀྱང་དེད་འདིར་བདེ་ལེགས་ཤོག། ཕོ་བྲང་ནས་བྱུང་རྒ་ནད་འཆི་བ་ལས་བྱུང་གཟིགས།། མི་རྣམས་རྨོངས་མཛད་ལྷ་ཡི་མདུན་བདར་མཁའ་ལ་ནི།། སྲིད་གསུམ་དག་ལས་བརྒལ་ཕྱིར་མཐོན་མཐིང་དབུ་སྤུ་བྲེགས།། བཀྲ་ཤིས་དམ་པ་དེས་ཀྱང་ངེ
325b5 འདིར་བདེ་ལེགས་ཤོག། ལྷ་རྣམས་རྫུ་འཕྲུལ་གྱིས་ལྷགས་ངུར་སྨྲིགས་གོས་རྣམས་ཕུལ།། ན་ར་ཛ་རའི་ཆུ་བོར་དཀའ་ཐུབ་མ་ལུས་རྫོགས།། ཐུབ་པ་བསམ་གཏན་ནུས་བཞེངས་བཀྲ་ཤིས་ངོ་ཐུག་གསོལ།། བཀྲ་ཤིས་དམ་བཱ་དེས་ཀྱང་དེང་འདི
325b6 བདེ་ལེགས་ཤོག། པད་མོ་ལས་བྱུང་ཁྲུ་མཆོག་བྱང་ཆུབ་ཤིང་ཟུང་ངུ།། སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གིས་བབུང་བཏུལ་ནས།། ཐོར་ངས་བདུད་རྩི་མི་འགྱུར་ཕུན་ཚོགས་སངས་རྒྱས་པ།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་འདི་ལེགས
325b7 ཤོག། བ་ར་ཎཱ་སཱིར་ཆོས་ཀྱི་འཁོར་ལོ་མགོན་པོས་བསྐོར།། ཀུན་ཤེས་ལ་སོགས་བདེན་བཞི་ལྔ་སྡེ་བཟང་ལ་བསྟན།། ལྷ་གྲུ་ལྷ་མིན་ལ་སོགས་མི་མིན་བདུད་གྱུར་གང་།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོང་།། ང་རྒྱལ་བསྙེམས




iiif viewer powered by OpenSeadragon

325a - 326a

Texts on this page

Gdg024.19 - no title