| | e-texts navigator
|
325a1 ལ་ཕྱག་འཚལ་ལོ།། རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན།། ཟླ་བཉྫ་འདྲའི་སྒྲ་མངའ་སྲིད་པའི་མཐར་ཕྱིན་པ།། དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ།། བགྲ
325a2 དེས་ནི་སྐྱེ་དབུ་རྣམས་ལ་ཞི་བྱེད་ཤོག། མ་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ།། མགོན་པོ་ཡོན་ཏན་ཐམས་ཅད་ཆགས་པའི་བཀྲ་ཤིས་པ།། དགེ་མཉམ་བསམ་སེམས་ལྡན་པའི་བཀྲ་ཤིས་གང་ཡིན་པ།། བཀྲ་ཤིས་དེས་ནི་སྐྱེ་དག
325a3 ཞི་བྱེད་ཤོག། སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་པ།། ཡང་དག་བདེན་པའི་འབྱོར་པ་སྦྱིན་མཛད་མི་བསླབ།། རིན་ཆེན་འབྱུང་གནས་ཞེས་བྱའི་བཀྲ་ཤིས་གང་ཡིན་པ།། བཀྲ་ཤིས་དེས་ནི་སྐྱེ་དག་རྣམས་ལ་ཞི་བྱེད་ཤོག
325a4 ཏི་འཛིན་དམ་པ་ཕ་རོལ་ཕྱིན་པའི་གནས།། ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང་།། ཚེ་གྲངས་མེད་པར་བྱིན་གྱིས་བརླབས་པའི་བཀྲ་ཤིས་གང་།། བཀྲ་ཤེས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱི་དེ་ཤོག། སེམས་ཅན་དེ
325a5 མས་ལ་ཐུགས་ནི་སྦྱོར་མཛད་ཅིང་།། འགྲོ་བ་ཀུན་གྱི་འཆིང་བའི་བཅིངས་ལས་གྲོལ་མཛད་པ།། ཐུབ་མཆོག་དོན་ཡོད་གྲུབ་ཀྱི་བཀྲ་ཤིས་གང་ཡིན་པ།། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞེ་བྱེད་ཤོག། དེ་བཞིན་གཤེགས་པ་ལྔའི་བ
325a6 ཚོགས་ཟླ་བཅད་པ་རྫོགས་སོ།། ། དམ་པ་ཏོག་དཀར་དགའ་ལྡན་ཕོ་བྲང་དམ་པ་རྦ།། མི་ཕམ་མགོན་ལ་རྒྱལ་ཚབ་དམ་པར་དབང་བཀུར་ཞིང་།། འཛི་གླིང་ཉིད་དྲི་གྲང་ཆེན་རྔ་ལ་ཀཱ་ར་ལྟར་གཤེགས་གང་།། བཀྲ་ཤིས་དམ
325a7 ཀྱང་དེ་དིང་བདེ་ལེགས་ཤོག། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དམ་པར་ཟས་གཅོར་སྲས།། ། བུད་མེད་སྐྱོན་བྲལ་གཡོ་སྒྱུ་སྤངས་པ་ལྷ་མཛེས་ཡུམ།། ལུམས་སུ་རླུང་ཅུར་རྡོ་རྗེས་རྫན་པ་ཤཱཀྱའི་རིགས།། བཀྲ་ཤིས་དམ་པ་དེས་ཀྱང
iiif viewer powered by OpenSeadragon
324b - 325b