| | e-texts navigator
|
323b1 དེ་དག་རྣམས་ནི་ལྷོ་ཕྱོགས་པ།། རྒྱུ་སྐར་བདུན་པོ་དེ་དག་ནི།། འཇིག་རྟེན་སྐྱོང་བ་གྲགས་ལྡན་པ།། ལྷོ་ཕྱོགས་ལོགས་ན་ཡོད་ཅེས་བསྟན།། དེ་དག་ཁྱེད་ལ་ཀུན་ཏུ་སྲུངས།། དེ་དག་བདག་པོ་རྒྱལ་པོ་ནི།། འཕགས་གྱེས་པོ་ཞེས་བྱ་བར་བརྗོད།། དེ་ནི་བྲལ
323b2 བུམ་ཀུན་གྱི་བདག། གཤིན་རྗེ་ལྷན་ཅིག་སྲུང་བར་ཤོག། དེ་ལ་བུ་ནི་མང་ཡོད་ལ།། མཁས་ཤིང་མིང་ཡང་མཐུན་པ་སྟེ།། དགུ་བཅུ་རྩ་གཅིག་ཟད་པར་ཡང་།། དབང་པོ་ཞེས་བྱ་སྟོབས་པོ་ཆེ།། དེ་རྣམས་ཁྱེད་ལ་ནད་མེད་ཅིང་།། ཤིས་པ་ལྷག་ཕར་སྦྱོང
323b3 གྱུར་ཅིག། ལྷོ་ཕྱོགས་ལོགས་ཀྱི་ཕྱོགས་ཆན།། ལྷ་མོ་གཞོན་ནུབ་རྒྱད་ཡོད་དེ།། དཔལ་ལྡན་མ་དང་གྲགས་ལྡན་མ།། གྲགས་པ་ཐོབ་དང་གྲགས་འཛིན་མ།། ལེགས་པར་ལངས་དང་རབ་སྔ་དང་།། ལེགས་པར་སད་དང་བདེ་སྦུབ་མ།། དེ་དག་ཅེ
323b4 ལ་ནད་མེད་ཅིང་།། ཤིས་པ་ལྷག་པར་སྐྱོང་བར་ཤོག། ལྷོ་ཕྱོགས་ལོགས་ཀྱི་ཕྱོགས་ཆན།། པདྨ་ཞེས་བྱའི་མཆོད་རྟེན་ཡོད།། རྟག་ཏུ་གཟི་བརྗིད་ཀྱིས་ཀྱང་འབར།། རྟག་ཏུ་ཐམས་ཅད་གསལ་བར་བྱེད།། དེ་ཡང་ཁྱེད་ལ་ནད་མེད་ཅིང་།། ཤིས་པ་ལྷག་པར
323b5 གྱུར་ཅིག། ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅིག། ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས།། ནོར་རྣམས་རྙེད་དེ་ལྡོག་པར་ཤོག། དགོས་པ་ལ་ལ་གང་གི་ཕྱིར།། ནུབ་ཕྱོགས་སུ་ནི་འགྲོ་བ་ན།། གང་དག་ཕྱོགས་དེར་གནས
323b6 པ་ཡི།། ཆུ་སྐུར་ཁྱེད་ལ་སྤྱོད་གྱུར་ཅིག། ལྷ་མཚམས་དང་ནི་སྣརོན་དང་ཡང་།། བརྩོན་འགྲུས་བརྟེན་ལྡན་སྦུབས་དང་ནི།། ཆུ་སྟོད་ཆུ་སྨད་ཕྱི་བཞིན་དང་།། གྲོ་བཞིན་དེ་ནི་བདུན་པ་ཡིན།། རྒྱུ་སྐར་བདུན་པོ་དེ་དག་ནི།། འཇིག་རྟེན་སྦྱོར་བ
323b7 ལྡན་པ།། ནིབཕྱོགས་ལོགས་ནི་ཡོད་ཅེས་བསྟན།། དེ་དག་བྱེད་ལ་ཀུན་ཏུ་སྦྱངས།། དེ་དག་པདག་པོ་རྒྱལ་ཁོནི།། མིག་མི་བཟེང་ཞེས་བྱང་ཤེས།། དེ་ནི་ཀུརྣམས་ཀུན་གྱི་འདག། སྒྲ་ལྷན་ཅིག་སྲུང་བར་ཤོག། དེ་བུ་ནི་མང་ཡོད་པ།
iiif viewer powered by OpenSeadragon
323a - 324a