e-texts navigator
Collection
Volume
Page
Wylie

323a1 དག་ཏུ་འགྲོ་བ་རྣམས།། རྙེད་པ་ཆེན་པོ་རྙེད་གྱུར་ཅིག། དེ་དག་བདབ་སྐྱིད་པར་ཤོག། དགོས་པ་ལ་ལ་གང་གི་ཕྱིར།། ཤར་ཕྱོགས་སུ་ནི་འགྲོ་བ་ན།། གང་དག་སྒྲོགས་དེར་གནས་པ་ཡི།། རྒྱུ་སྐར་སྦེད་ལ་སྐྱོང་གྱུར་ཅིག།
323a2 སྨིན་དྲུག་དང་ནི་སྣར་མ་དང་།། མག་དང་ལག་དང་ནབ་སོ་དང་།། རྒྱལ་དང་སྐག་ཅེས་བྱ་བ་སྟེ།། དེ་དག་རྣམས་ནི་ཤར་ཕྱོགས་པ།། རྒྱུ་སྐར་བདུན་པོ་དེ་དག་ནི།། འཇིག་རྟེན་སྐྱོང་བ་གྲགས་ལྡན་པ།། ཤར་ཕྱོགས་ལོགས་ན་ཡོད་ཅེས་བསྟན།། དེ་དག་ཁྱེད་ལ་ཀུན
323a3 ཏུ་སྲུངས།། དེ་དག་བདག་པོ་རྒྱལ་པོ་ནི།། ཡུལ་འཁོར་སྲུང་ཞེས་གླགས་པ་སྟེ།། དེ་ནི་དྲི་ཟ་ཀུན་གྱི་བདག། ཉི་མ་ལྷན་ཅིག་སྲུང་བར་ཤོག། དེ་ལ་བུ་ནི་མང་ཡོད་ལ།། མཁས་ཤིང་མིང་ཡང་མཐུན་པ་སྟེ།། དགུ་བཅུ་རྩ་གཅིག་ཟད་པར་ཡང་།
323a4 དངང་ངོ་ཞེས་བྱ་སྟོབས་པོ་ཆེ།། དེ་རྣམས་ཁྱེད་ལ་ནད་མེད་ཅིང་།། ཤིས་པ་ལྷག་པར་ཁྱོད་གྱུར་ཅིག། ཤར་ཕྱོགས་ལོགས་ཀྱི་ཕྱོགས་ཆན།། ལྷ་མོ་གཞོན་ནུ་བརྒྱུད་ཡོད་དེ།། རྒྱལ་དང་རྣམ་པར་རྒྱལ་མ་དང་།། དོན་གྲུབ་མ་དང་མི་འཕམ་དང་།། དགའ
323a5 ཆོག་མ་དང་དགའ་བདེ་དང་།། དགའ་ཅན་མ་དང་དགའ་འཕེལ་མ།། དེ་དག་ཁྱེད་ལ་ནད་མེད་ཅིང་།། ཤིས་པ་ལྷག་པར་སྐྱོད་གྱུར་ཅིག། ཤར་ཕྱོགས་ལོགས་ཀྱི་ཕྱོགས་ཆན།། གཞི་འཛིན་ཅེས་བྱའི་མཆོད་རྟེན་ཡོད།། རྒྱལ་བ་སྐྱོབ་པ་དགྲ
323a6 བཅོམ་པ།། དེ་རྣམས་ཀྱིས་ནི་བཞུགས་ཤིང་མཁྱེན།། དེ་ཡང་ཁྱེད་ལ་ནད་མེད་ཅིང་།། ཤིས་པ་ལྷག་པར་སྐྱོང་གྱུར་ཅིག། ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅིག། ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས།།
323a7 ནོར་རྣམས་རྙེད་དེ་ལྡོག་པར་ཤོག། དགོས་པ་ལ་ལ་གང་གི་ཕྱིར།། ལྷོ་ཕྱོགས་སུ་ནི་འགྲོ་བ་ན།། གང་དག་ཕྱོགས་དེར་གནས་པ་ཡི།། རྒྱུ་སྐར་ཁྱེད་ལ་སྐྱོད་གྱུར་ཅིག། མཆུ་དང་གྲེ་དང་པོ་དང་ནི།། མེ་བཞིན་གང་ལྔ་པ་ཡིན།། ས་རི་དང་ནི་ས་གསྟེ།།




iiif viewer powered by OpenSeadragon

322b - 323b

Texts on this page

Gdg024.17 - shis par brjod pa'i tshigs su bcad pa