| | e-texts navigator
|
322a1 ཆོས་རྣམས་ཐམས་ཅད་སྟོན་པ་དེས།། ཁྱེད་ལ་འདེ་ལེགས་མཛད་པར་འགྱུར།། སྟོན་པ་རྒྱུག་པ་རྣམས་ཀྱི་རྟེན།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། གང་གིས་བདེ་བ་མངའ་མཛད་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།
322a2 སྐྱོབ་པ་གང་ཞིག་བྱམས་པ་ཡི།། ཐུགས་ཀྱིས་འགྲོ་བ་འདི་དག་ཀུན།། བུ་གཅིག་བཞིན་དུ་རྟག་བསྐྱངས་ཏེ།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་འཁོར་བར་འཁོར་བ་ཡི།། སེམས་ཅན་ཀུན་གྱི་རྟོན་གྱུར་ཅིང་།། གླིང་དང་དཔུང་གཉེན་གྱུར་པ་དྲོས།
322a3 ལ་བདེ་ལེག་མཛད་པར་འགྱུར།། གང་ཞིག་ཆོས་ཀུན་མངོན་སུམ་གྱུར།། གཙང་ཞིང་བསྲུབ་མི་མདའ་ལ།། གསུང་གཙང་གཙང་མར་མཛད་པ་དེས།། ཁྱེད་ལ་འདེ་ལེགས་མཛད་པར་འགྱུར།། དཔའ་བོ་ཆེན་པོ་གང་སྐྱེས་པ།། ཕུན་སུམ་ཚོགས་དོན་འབྱོར་གྱུར
322a4 ཅིང་།། དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་སྐྱེས་པའི་ས་རྣམས་ནི།། ནགས་ཚལ་བཅས་པ་རབ་གཡོས་ཤིང་།། སེམས་ཅན་ཐམས་ཅད་རང་དག་འདེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། བྱང
322a5 ཆུབ་སྙིང་པོར་གཤེགས་པ་ན།། ས་དག་རྣམ་དྲུག་གཡོས་སྒྱུར་ཅིང་།། བདུད་ཡིད་མི་བདེར་གྱུར་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། ཆོས་ཀྱི་འཁོར་ལོ་བསྐོར་བ་ན།། འཕགས་པའི་བདེན་པ་རྣམས་གསུང་བ།། ཐུབ་པའི་སྙན་པ་གང་བྱུང
322a6 དེས།། ཁྱེད་ལ་འདེ་ལེགས་མཛད་པར་འགྱུར།། ཡིད་འཕྲོག་གྲང་གིས་མུ་སྟེགས་བྱེད།། ཐམས་ཅད་ཆོས་ཀྱིས་འཕམ་མཛད་ཅིང་།། ཚོགས་ཀུན་དབང་དུ་མཛད་བ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སངས་རྒྱས་ཆོས་ལ་བདེ་ལེགས
322a7 མཛད།། བདྨ་བྱིན་ལྷར་བཅས་འདེ་ལེགས་དང་།། འབྱུང་དོ་ཀུན་གྱི་བདེ་ལེགས་ནི།། ཁྱེད་ལ་རྟག་ཏུ་སྦྱི་དབྱང་ཅིག། སངས་རྒྱས་བསོད་ནམས་མཐུ་ངག་དང་།། ལྷ་རྣམས་ཀྱི་ནི་བསམས་པ་ཡིས།། ཁྱེད་ཀྱི་དོན་འདོད་གང་ཡིན་པ།། དོན་དེ་དེ་རིང
iiif viewer powered by OpenSeadragon
321b - 322b