e-texts navigator
Collection
Volume
Page
Wylie

320b1 པའི་བདེན་པ་རྣམས་གསུང་བ།། ཐུབ་པའི་སྙན་པ་གང་བྱུང་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། ཡིད་འཕྲོག་གང་གིས་སུ་སྐྱུགས་བྱེད།། ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་།། ཆགས་ཀུན་དབང་དུ་མཛད་པངས།། ཁྱེད་ལ་བདེ་ལགས་མཛོད་པར་འཇུར།། སྤངས།
320b2 རྒྱས་ཆོས་ལ་བདེ་ལེགས་མཛད།། བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་།། དབྱུང་པོ་ཀུན་གྱི་བདེ་ལེགས་ནི།། ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག། སངས་རྒྱས་བསོད་ནམས་མཐུ་དག་དང་།། ལྷ་རྣམས་ཀྱི་ནི་བསམས་པ་ཡིས།། ཁྱེད་རྣམས་དོན་འདོད་གང་ཡིན་པ།། དོན་དེ་དེ་རིང
320b3 གྲུབ་གྱུར་ཅིག། རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག། རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག། ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག། ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག། ཉིན་མོ་བདེ་ལེགས་མཚན་བདེ་ལེགས།། ཉི་མའི་གུང་ལ་བདེ་ལེགས་ཤིང་།། ཁྱེད་ཅག་ཀུན་ཏུ
320b4 བདེ་ལེགས་ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅིག། སངས་རྒྱས་ལྷ་རྣམས་སྟོང་དག་གིས།། ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས།། སྡང་སེམས་ལྡན་པ་རྣམས་བྱེད་ཅིག། སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད།། སངས་རྒྱས་རང་སངས་རྒྱས་རྣམས་དང་།། དགྲ་བཅོམ
320b5 སློབ་པའི་བདེན་ཚིག་གིས།། འཇིག་རྟེན་མི་ཕན་བྱེད་པ་རྣམས།། གྲོང་ཁྱེར་འདིར་ནི་སྟོང་གྱུར་ཅིག། སེམས་ཅན་ཀུན་དང་སྲོག་ཆགས་ཀུན།། འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན།། བདེ་བ་འབའ་ཞིག་ལྡན་གྱུར་ཅིག། ཐམས་ཅད་ནད་རྣམས་མེད་པར་ཤོག། ཀུན་གྱིས
320b6 བཟང་རྣམས་མཐོང་གྱུར་ཅིག། གང་ཡང་སྡིག་པར་མ་གྱུར་ཅིག། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ།། ས་དང་བར་སྣང་དག་ན་གནས་པ་རྣམས།། སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག། ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག། དེ་སྐད་ཅེས་བཀའ་སྩལ
320b7 ནས། ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ་དེ་བཞིན་གགྱིའོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། ཡངས་པའི་གྲོང་ཁྱེར་དུ་སོང་སྟེ། སྒོའི་ཐིམ་པ་ལ་རྐང་པ་བཞག་ནས། གསང་སྔགས་ཀྱི་གཞི་འདི་དག་དང་། ཚིགས་སུ་བཅད་པ་འདི




iiif viewer powered by OpenSeadragon

320a - 321a

Texts on this page

Gdg024.16 - 'phags pa yangs pa'i grong khyer du 'dug pa'i mdo chen po