| | e-texts navigator
|
320a1 ཏེ། པཱ་ལ་ཡ་ཏ། རཾ་ཕུ་ར་ཕུ། པཱ་ལ་ཡ་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་པརྩོབ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། ཐམས་པལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ།
320a2 བཏང་སྙོམས་ལ་གནས་པ་གཤེགས་ཀྱི། ཀཱི་པྲྀ་ན་ནི་རྒཙྪ་ཏ་སྭཱ་ཧཱ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོག་དང་ཆོས་ཉིད་ཀྱིས། ལྷ་ཐམས་ཅད་དང་འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་ཀྱི་གཞི་འདི་དག་ནི་གྲུབ་པའོ།། ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ།། གང་ལ་སེར་སྣ
320a3 རྣམ་ཆགས་པ།། ནམ་འཇོམས་དྲི་མ་མེད་མཛད་ཅིང་།། ཐུགས་ཞིགནོད་པ་མི་མངའདེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། འདྲེན་པ་གང་ཞིག་འགྲོ་བ་རྣམས།། ཐར་པའི་ལམ་དུ་འཛུད་མཛད་ཅིང་།། ཆོས་རྣམས་ཐམས་ཅད་སྟོན་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།
320a4 སྟོན་པ་རྒྱུག་པ་རྣམས་ཀྱི་རྟེན།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། གང་གིས་བདེ་བ་མངའ་མཛད་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སློབ་པ་གང་ཞིག་བྱམས་པ་ཡི།། ཐུགས་ཀྱིས་འགྲོ་བ་འདི་དག་ཀུན།། བུ་གཅིག་བཞིན་དུ་རྟག་བསྐྱངས་དེས།། ཁྱེད་ལ་བདེ་ལེགས
320a5 མཛད་པར་འགྱུར།། གང་ཞིག་འཁོར་བར་འཁོར་བ་ཡི།། སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་།། གླིང་དང་དཔུང་གཉེན་གྱུར་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་ཆོས་ཀུན་མངོན་སུམ་གྱུར།། གཙང་ཞིང་བསླུབ་མི་མངའ་ལ།། གསུང་གཙང་གཙང་མར་མཛད་པ
320a6 དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། དཔའ་བོ་ཆེན་པོ་གང་སྐྱེས་པ།། ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་།། དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་སྐྱེས་པའི་ས་རྣམས་ནི།། ནགས་ཚལ་བཅས་པར་རབ་གཡོས་ཤིང་།།
320a7 སེམས་ཅན་ཐམས་ཅད་རབ་དག་འདེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། བྱང་ཆུབ་སྙིང་པོར་གཤེགས་པ་ན།། ས་དག་རྣམ་དྲུག་གཡོས་གྱུར་ཅིང་།། བདུད་ཡིད་མི་བདེར་གྱུར་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། ཆོས་ཀྱི་འཁོར་ལོ་བསྐོར་བ་ན།། འཕགས
iiif viewer powered by OpenSeadragon
319b - 320b