| | e-texts navigator
|
318a1 གསུངས་ནས། མིང་སྲིང་གཉིས་ཀྱིས་སྦས་པ། དུས་ངན་ཐ་མ་བྱུང་བ་འཚོ།། ཆོས་འཁོར་གཉེན་པ་བཤིག་པ་ན།། ང་ཅག་བསྟན་པ་དར་འབྱུང་།། བདག་ཅག་ཡང་ལྡིང་གཉིས་འཛུབ་ན།། དམོད་པ་འདི
318a2 ཡིས་ལས་རྣམས་འགྲུབ་པ་སྟེ།། གསང་བའི་བདག་པོ་ཏིང་འཛིན་ལྡན་པ་ཡིས།། ཉུང་དཀར་ཉུང་ན་གཟོད་པར་བླུག་ནས་སུ།། དེ་ལ་ཁྲག་སྔ་བསྩལ་ལ་དམོད་པ་དེ་སྐ་དགད་བ།། དེ་ཡིས་ལས་རྣམས་འགྲུབ་པར་འགྱུར།། ལྷ་འདྲེ་སྟོང་གི་དྲི་བའི་རླུད་ཆེན་པོ་ལས། མ
318a3 ཧཱ་ཀཱ་ལ་མིང་སྲིང་གི་ལེའུ་ལྔ་བཅུ་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་ལ་བརྒྱ་བྱིན་གྱིས་གསོལ་བ། དྲེགས་པ་དེ་དག་རྣམས་སྒྲུབ་པ་ན།། དམ་ཚིག་ཇི་ལྟར་བསྲང་བར་བགྱི། ཞེས་གུས་པ་དང་།། གསང་བའི་བདག་པོས་བཀའ་སྩལ་པ།། མིརྟ་ཁྱི་དང་གསུམ
318a4 ལ་སྤྲིད་མི་བྱ།། སྲོག་གཅོད་སྡིག་པ་དག་ལ་སྤྱད་མི་བྱ།། བུད་མེད་དག་ལ་བག་བསྡམ་སེམས་མི་འཆོར།། འགྲོ་ཉལ་འདུག་རྗོད་གང་ལ་འང་།། ལྦ་བ་དག་ལས་ཡངས་མིཐ།། ཉམས་པ་མད་ཅིང་བརྟུལ་ཞུགས་བསྐྱེད།། ཤ་ཁྲག་དག་ལ་སྨད་པར་བྱ།། ཞེས
318a5 བཀའ་སྩལ་ཏོ།། ལྷ་འདྲ་སྟོང་གི་བའི་རྒྱུད་ཆེན་པོ་ལས། སྤྲོད་པ་དང་དམ་ཚིག་བསྲུང་བའི་ལེའུ་ལྔ་བཅུང་གཅིག་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས
318a6 དྲེགས་པ་ཆེན་པོ་འདི་རྣམས་ནི།། བཅོས་ན་ཡོན་ཏན་ཇི་ཙམ་འགྱུར།། མ་བཅོས་པ་ཡི་སྐྱོན་ནི་གང་།། ཞེས་གསོལ་བས། གསང་བའི་བདག་པོས་བཀའ་སྩལ་པ།། དྲེགས་པ་བཅོས་པའི་ཡོན་ཏན་ནི།། ལོ་ལེགས་འབྲུ་ལཇུངས་མེ
318a7 རྣམས་དང་།། ནད་དང་མུ་གེའི་བསྐལ་པ་ཆད།། ཚེ་རིང་ནད་མེད་བཀྲ་ཤིས་པའོ།། དེ་ལྟར་གྱུར་ན་འཇིག་རྟེན་བདེ།། དེ་ཡིས་བཅོས་པ་རབ་ཏུ་གཅེས།། མ་བཅོས་པ་ཡི་སྔོན་བསྟན་པ།། མ་བཅོས་འཇིག་རྟེན་ལྷ་འདྲེ་འཁྲུག། ནད་དང
iiif viewer powered by OpenSeadragon
317b - 318b