e-texts navigator
Collection
Volume
Page
Wylie

317a1 བཞེས།། ཁྲོད་པས་བདག་ཀྲུགཉན་བཞེས།། ཤ་ཁྲག་རུས་པའི་ཕུང་པོ་ཡ་དྭགས་འདྲ་བ་ཀྲན་བཞས།། སྒོ་བཞི་འགྲང་བ་བཞས། མི་དང་ཤ་རུ་བརྗེས། མི་དང་། ཁྲག་ཏུ་འཇས། མི་དང་སྲོག་ཏུ་བརྗེས། སྲོག་པའ་མདས་བཞེས་དང་། ཞེས་བཛྲའ།། 6།
317a2 འདྲེ་སྟོང་གི་དྲ་བའི་རྒྱུད་ཆེན་པོ་ལས། མི་དང་གླུད་བརྗེ་བའི་ལེའུ་བཞི་བཅུ་བརྒྱད་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར། ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བགེགས་ཆེན་དེ་དག་ཀུན་རྣམས་ནི།། མཆོད་ན་ཏིང་འཛིན་ཇི་ལྟར་བགྱི།། བབྲུ་པ་ན་དབང
317a3 རུ་ཇི་ལྟར་བསྡུ།། དུས་ནི་གང་དང་གང་ལ་འཇུག། དྲག་པོའི་ལས་ནི་གང་ལ་བྱ།། མནན་དང་གཏད་པ་བྱེད་ན་ཏིང་འཛིན་ཇི་ལྟར་བྱ།། གཉེན་པོ་སྟོབས་ཀྱི་ལྷ་ནི་གང་།། བྲི་བ་སྣག་ཚོའི་རྒྱུ་ནི་གང་།། དུས་ཚོད་གནན་པ་གང་ལ་བྱ།། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
317a4 བརྒྱ་བྱིན་ཉོན་ཅིག། མ་ཚད་ན་རྣལ་འབྱོར་ལྷ་ཡི་གདེང་དུ་འཇུག། མགྲོན་ཐབས་སྤྱན་དྲང་མཆོད་པ་སྤྲུལ་པས་བཀྱེ་ལ་བཏང་།། སླར་ལོག་ཆོ་བསྟིམ་བཀྲ་ཤིས་གསོལ།། བསྒྲུབ་ན་ཏིང་འཛིན་གསལ་བས་ཟླ་སྟོད་དག་ལ་འཇུག་པ་སྟེ།། གཟའ་དང་སྐར་མ་ཤིས་པ་དག་ལ་འཇུག། ཉ་ནས
317a5 མར་ཏེ་དྲག་པོའི་ལས་རྣམས་བརྩམ།། བདག་ནི་ཏིང་འཛིན་གསལ་བ་ལ།། བགེགས་རྣམས་དབང་སྡུད་བྲན་གྱི་ཚུལ་དུ་ལས་བྱེད་པའོ།། སེམས་ལ་ཁུ་འཕྲིག་མེད་ལ་བལྟ་བ་བསང།། དེ་ཡིས་ལས་རྣམས་འགྲུབ་པར་འགྱུར།། གཏད་པའི་ལས་ནི་འདི་དག་ལྟེ།། གསང་བདག་ཀླུ
317a6 བདག་འཇམ་དཔལ་ཏིང་འཛིན་ལྡན་པ་དེས།། གྱི་དྲོའི་དུས་སུ་བྲི་ཞིང་ནམ་གྱི་གུང་དང་སྲོད་ལ་མནན།། སྣག་ཚ་སྣག་ཆ་ཆེན་པོ་སྟེ།། མི་དང་ཁྱི་དང་ར་ཡི་ཁྲག་གིས་བྲི།། དེ་ཡིས་ལས་རྣམས་འགྲུབ་པར་འགྱུར།། ཞེས་གསུངས་སོ།། དེ་ནས་ཡང་བརྒྱ་བྱིན་གྱིས་བཅོམ་ལྡན་འདས
317a7 ཀྱི་སྤྱན་སྔར་འདི་སྐད་ཅེས་གསོལ་པ་དང་། སྟོན་པས་བཀའ་སྩལ་པ། ལྟ་བ་ཞེས་བྱ་འདི་ལྟར་བལྟ།། ཐམས་ཅད་བྱང་ཆུབ་སེམས་ཆེན་ཏེ།། སེམས་ལས་མ་གཏོགས་སངས་རྒྱས་མེད།། བདག་ནི་ལྕེ་མེ་བྱང་ཆུབ་སེམས་སུ་བལྟ།། སྐྱེ་བ་མེད་པའི་ངང་ལས་ཐམས་ཅད་བྱུང




iiif viewer powered by OpenSeadragon

316b - 317b

Texts on this page

Gdg024.15 - lha 'dre stong gi dra ba'i rgyud chen po